དབུ་ཤོག>གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིས་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-05

    དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་དེར་རྒྱལ་ཁ་ཐོབ་པ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། དངུལ་རྩའི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་གསར་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཁྲོད་ཀྱི་དངུལ་རྩའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ས་གནས་ཁྲིམས་མིའི་དངུལ་རྩའི་སྒྲིག་གཞིར་དབུལ་པོའི་ས་གནས་ལ་ཡིད་རྟོན་དངུལ་བུན་མང་དུ་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། མ་དངུལ་བསྡུ་སྒྲིལ་གྱིི་མ་གནས་དམའ་རུ་བཏང་ཡོད། ཟླ་དྲུག་པའི་ཟླ་འགོར། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཉིང་ཁྲི་དམངས་འཚོའི་གྲོང་གསེབ་དང་གྲོང་རྡལ་དངུལ་ཁང་ལ་རང་སྐྱོང་ལྗོངས་ཀྱི་དབུལ་སྐྱོར་བུན་བསྐྱར་ཁག་དང་པོ་སྒོར་ཁྲི་2000སྤྲད་པ་དང་དུས་མཚུངས། དབུལ་སྐྱོར་བུན་བསྐྱར་མ་དངུལ་སྤྱོད་ཡུལ་ཁ་གསལ་ཡང་བཟོས་ནས་ཚོགས་སྤྱི་དབུལ་པོའི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་དམའ་རུ་གཏོང་གང་ཐུབ་བྱས་པ་རེད།

    དེ་དང་དུས་མཚུངས། དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ཏེ་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་དོན་དངོས་ལ་གཞིགས་ཏེ། ས་ཆ་དེ་གར་ཡིད་རྟོན་དངུལ་བུན་དང་ཁག་ཐེག་དངུལ་བུན་རེ་ཞུའི་ཆ་རྐྱེན་མེད་པའི་དབུལ་པོའི་དུད་ཚང་ལ་དམིགས་ནས“ནོར་སྲིད་ནས་ཐད་ཀར་ཁ་གསབ་མ་དངུལ་སྤྲོད་པའི་ཁག་ཐེག་དངུལ་བུན”གཏོང་སྟངས་གསར་པ་བཟོས་པ་དང་སྦྲགས། ན་ནིང་ཞིང་འབྲོག་དུད་ཚང་གི་ནོར་སྲིད་ཀྱི་ཐད་ཀར་ཁ་གསབ་མ་དངུལ་སྤྲོད་པའི་ཁག་ཐེག་དངུལ་བུན་མཉམ་ལས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་དེ་སྦེ་པ་གྲོང་རྡལ་དུ་ཚོད་ལྟ་དང་བཅས་སྤྲད་པ་རེད། ཉིང་ཁྲི་དམངས་འཚོའི་གྲོང་གསེབ་དང་གྲོང་རྡལ་དངུལ་ཁང་གིས་བྲག་ཡིབ་ཆུས་གནས་གཞི་གྲོང་ཚོར་གྲོང་ཚོ་ཨུ་ལྷན་དང་། གྲོང་ཚོའི་ཀྲུའུ་རེན། གྲོང་ཚོའི་གཙོ་འགན་འཁུར་མཁན་བཅས་ཀྱིས་གྲོང་མིར་ཁག་ཐེག་བྱས་ནས་དངུལ་བུན་བཏང་བ་དང་། དངུལ་ཁང་གིས་འབོར་གྲངས་ལྟར་ཡིད་རྟོན་ཐོབ་པའི་རྣམ་གྲངས་ལ་དངུལ་བུན་གཏོང་བའི་བྱེད་ཐབས་སྤྱད་ནས་གནས་གཞི་གྲོང་ཚོའི་གྲོང་མིར་དངུལ་བུན་སྒོར་ཁྲི་890ཙམ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།