དབུ་ཤོག>གསར་འགྱུར།
  • ཀོང་ཏུང་གི་བོད་སྐྱོར་ཐད“ཕྱོགས་བསྡུས་ཅན”གྱི་རྣམ་པ་ཞིག་ཆགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-08-05

    རྒྱལ་ལམ་318ཀྱི་ལམ་རྒྱུད་དུ་གནས་པའི་ཀ་ལ་གྲོང་ཚོ་ནི་དེ་སྔ་བཙོག་ཆུ་གང་སར་ཁྱབ་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན། ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་སུན་ཧྲེ་ཧུང་གྲོང་ཚོ་དེར་བཏང་སྟེ་གྲོང་མི་རྣམས་སྣེ་ཁྲིད་ནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་པས་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ན་ནིང་ཟླ་བ་གསུམ་པར། ཀ་ལ་གྲོང་ཚོ་དེ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་བསྐྲུན་ནས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྤེལ་སར་གྱུར་ཡོད།

    “ཡུལ་སྐོར་དུ་ཡོང་མཁན་མང་པོ་འདུག་པས་འདི་ལོ་གྲོང་ཚོ་མཉམ་སྡེབ་ཀྱི་ཡོང་འབབ་སྒོར་ཁྲི་100ཟིན་ནས་གྲོང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་སྟེ་བྲག་ཡིབ་ཆུས་ཀྱི་རང་བྱུང་གྲོང་ཚོའི་གྲལ་རིམ་ནང་ཨང་དང་པོར་སླེབས་ཡོད”ཅེས་ཀ་ལ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ལོ་23བྱེད་མྱོང་བའི་སྤེན་པས་དགའ་ཚོར་ཆེན་པོས་བཤད།

    2013ལོའི་ཟླ་བདུན་པར་ཀོང་ཏུང་གི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་སླེབས་རྗེས་བསམ་ཕྱོགས་གསར་གཏོད་ཀྱིས་བོད་སྐྱོར་ལས་དོན་གྱི་ལྟེ་གནས་གྲོང་ཁྱེར་ནས་གྲོང་གསེབ་ལ་སྒྱུར་བ་དང་། རོགས་སྐྲུན་གྱི་བྱེད་པོ་སྲིད་གཞུང་ཁོ་ན་ནས་སྤྱི་ཚོགས་ཡོངས་ཞུགས་རྒྱུར་སྒྱུར་བ། རོགས་སྐྲུན་བྱེད་སྟངས་དེ་རིན་མེད་རོགས་སྐྱོར་ནས་རིན་མེད་རོགས་སྐྱོར་དང་ཁྲོམ་རའི་ལམ་སྲོལ་ཟུང་དུ་འབྲེལ་བའི་བར་སྒྱུར་པ་བཅས་བྱས་ཏེ་དམངས་འཚོ་དང་། ཐོན་ལས། རིག་ནུས་བཅས་མཉམ་བགྲོད་ཀྱི་བོད་སྐྱོར་རྣམ་པ་ཞིག་རིམ་གྱིས་ཆགས་ཡོད།

    དམངས་འཚོའི་བོད་སྐྱོར་གྱིས་སྣེ་འདྲེན་དུ་བྱས་པས་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་ཕྱིན་ཞིང་། ཀོང་ཏུང་གིས་མི་ཤུགས་དང་ནོར་ཤུགས་གཅིག་སྡུད་བྱས་ཏེ“ཤར་གཏོང་བཞི”(ཆུ་དང་། གློག ལམ། འཕྲིན་གཏོང་བཅས་ཤར་གཏོང)དང་། “ལས་སློབ་སྨན་བཅོས་གསུམ”(ལས་ཞུགས་དང་། སློབ་ཞུགས། སྨན་པ་བསྟེན་པ) “འགན་སྲུང་གཉིས”(སྨན་བཅོས་འགན་སྲུང་དང་སྤྱི་ཚོགས་འགན་སྲུང) “གསར་སྤེལ་གཅིག”(དབུལ་སྐྱོར་གསར་སྤེལ) སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་བཏང་སྟེ་རོགས་སྐྲུན་མ་དངུལ་བཅུ་ཆ་བརྒྱད་ཙམ་ཞིང་འབྲོག་ཁུལ་དུ་བཏང་ཡོད། གྲོང་གསེབ་ཀྱི་ཁོར་ཡུག་བཙོག་ཟིང་གི་རྣམ་པར་དམིགས་ཏེ། ལས་དོན་རུ་ཁག་གིས“ཐོན་ཁུངས་བསྡུ་སྒྲིལ་དང་། གྲོང་ཚོ་ཧྲིལ་པོར་སྐུལ་འདེད། གྲོང་ཚོ་དང་མཛེས་ལྗོངས་ཁུལ་གཅིག་ཏུ་འགྲིལ་བ”བཅས་ཀྱི་ཇུས་གཞི་ལག་བསྟར་བྱས་ཏེ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་31དང་འབྱོར་འབྲིང་དཔེ་སྟོན་གྲོང་རྡལ་2བཏོད་ཡོད།

    ཐོན་ལས་བོད་སྐྱོར་གཙོ་གནད་དུ་བྱས་ནས་དཔལ་འབྱོར་གྱི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་ཞིང་། ཀོང་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ཁྱད་ལྡན་ཐོན་ལས་འཇུག་གཞིར་བྱས་ཏེ་སྣོད་བཅུད་ཡུལ་སྐོར་ལས་རིགས་དང་། ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་བཅས་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་ནས་རྣམ་གྲངས་36ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་7.48བཏང་ཡོད། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ནི་ཀོང་ཏུང་གི་བོད་སྐྱོར་རྣམ་གྲངས་ཀྱི“སྣེ་འདྲེན”ཞིག་ཡིན་པས་ལོ་ལྔའི་རིང་མ་དངུལ་སྒོར་དུང་ཕྱུར་30ལྷག་ཙམ་བཏང་སྟེ་བོད་བཟོའི་ཚོང་ལས་ཁྲོམ་གཞུང་དང་མགྲོན་ཁང་སོགས་བཙུགས་ནས་བོད་ཤར་ལྷོའི་ཡུལ་སྐོར་བྱེད་གནས་གལ་ཆེན་དུ་བསྐྲུན་ཡོད། ད་ཆ་ཀླུ་ནང་གི་མཛེས་ལྗོངས་དང་། ཉེ་འགྲམ་གྱི་ཡིད་འོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་། རི་བོ་གནམ་ལྕགས་འབར་བ། དེ་མོ་དགོན་གྱི་གནའ་ཤུལ་སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་ལམ་ཐིག་རྩེ་གྲར་གྱུར་ཡོད།

    རིག་ནུས་བོད་སྐྱོར་རམ་འདེགས་སུ་བྱས་ཏེ་འཕེལ་རྒྱས་ཀྱི་འཇམ་ཤུགས་ཆེ་རུ་བཏང་ཞིང་། ཀོང་ཏུང་གིས་ལོ་གསུམ་ནང“ཕྱིར་སྐྱོད་པ་དང་གདན་དྲངས་པའི”བྱེད་ཐབས་སྤྱད་དེ་ཉིང་ཁྲིའི་ལས་བྱེད་པ་དང་། ལག་རྩལ་མི་སྣ། ཞིང་འབྲོག་པ་བཅས་མི་ཐེངས་5500ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། ལས་བྱེད་པའི་བོད་སྐྱོར་ཕུད། ཀོང་ཏུང་གིས་ད་དུང་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་མི་སྣ་བཅས་ཀྱི་བོད་སྐྱོར་སྐུལ་སློང་བྱས་ཏེ་ཚན་པ་150ལྷག་ཙམ་བོད་དུ་རྟོག་ཞིབ་བྱེད་པར་ཡོང་རྒྱུ་སྒྲིག་འཛུགས་བྱས་ནས་འཆར་གཞིའི་ནང་མེད་པའི་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་7.13བརྩོན་ལེན་བྱས་ཡོད།

    རོགས་སྐྲུན་གྱི་ཕན་འབྲས་ཆེ་རུ་གཏོང་ཆེད། ཀོང་ཏུང་གིས“དངུལ་འཛིན་དང་ལྡེ་མིག་སྤྲོད་པའི”རྣམ་པར་འགྱུར་ལྡོག་བཏང་སྟེ“ཞིབ་མཆན་གཉིས་དང་། མིང་འགོད་གཉིས། དོ་དམ་གཉིས། ཁྱབ་པ་གཉིས”བཅས་ཀྱི་རྣམ་པ་བཏོད་པ་སྟེ། བོད་སྐྱོར་འཆར་འགོད་དེ་བོད་སྐྱོར་རུ་ཁག་དང་ཉིང་ཁྲིས་མཉམ་དུ་གྲོས་མོལ་བྱེད་པ་དང་། རྣམ་གྲངས་ལ་ཕྱོགས་གཉིས་ཀས་ཞིབ་མཆན་འགོད་པ། མ་དངུལ་ཐད་ཕྱོགས་གཉིས་ཀས་མིང་རྟགས་འགོད་པ། ལག་བསྟར་དང་རྩིས་ལེན་གྱི་ལྷུ་ཚིགས་ནང་ཕྱོགས་གཉིས་ཀ་ཞུགས་པ་བཅས་བྱས་པ་རེད། རིམ་རྩིས་བྱས་ན་ལོ་གསུམ་ནང་རོགས་སྐྲུན་རྣམ་གྲངས་111བཀོད་སྒྲིག་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་14.79བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།