དབུ་ཤོག>གསར་འགྱུར།
  • རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་དབུ་འཛིན་གྱིས་ལྷ་ཉིང་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-08-04

    ཉེ་དུས།  རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། དབུ་འཛིན་ཀྲེང་ཀྲེ་ཇལ་དང་བཅས་པ་ཉིང་ཁྲིར་ཕེབས་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་གཡས་ཤན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

    བརྟག་ཞིབ་ཚོགས་ཆུང་དང་བཅས་པས་ལས་གཞིའི་འཕེལ་རིམ་དང་ལས་ཡུན།  མ་འཇོག་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་ཡོད་ཚན་པའི་འགན་འཁུར་བའི་གནས་ཚུལ་ངོ་སྤྲོད་ཉན་རྗེས་ཀྲེང་ཀྲེ་ཇལ་ཡིས་ལས་གཞིའི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཁས་ལེན་གང་ལེགས་གནང་བ་རེད།

    བརྟག་ཞིབ་གནང་རིང་ཏིང་གཡས་ཤན་གྱིས་རིམ་ཁག་འབྲེལ་ཡོད་ཚན་པས་ཐོན་སྐྱེད་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བ་དང་ཐོན་སྐྱེད་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས།  ཨར་སྐྲུན་གྱི་བདེ་འཇགས་འགན་སྲུང་བྱེད་དགོས་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་མཐའ་ཚད་ནན་པོ་སྲུང་ནས་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ།  སྤུས་འབོར་གཉིས་ལྡན་འོག་ལས་གཞིའི་འཕེལ་རིམ་མགྱོགས་སུ་བཏང་སྟེ།  ལས་གཞི་འཛུགས་སྐྲུན་གྱི་ལས་འགན་སྔ་ཙམ་ལེགས་སྒྲུབ་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་ལ་སྔ་ཙམ་བདེ་སྐྱིད་སྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།