དབུ་ཤོག
  • ཕྲུ་གུ་སྐྱེས་མ་ཐག་རྩམ་པ་སོགས་བཟའ་བཅའི་རིགས་སྟེར་མི་ཉན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-04

    མི་འགའ་ཞིག་གིས་ཕྲུ་གུ་སྐྱེས་མ་ཐག་ཕྲུ་གུའི་ཁ་ལ་རྩམ་པ་བླུག་གི་ཡོད།   འོན་ཏེ་དེ་ལྟར་བྱེད་པ་ནི་ནོར་འཕྲུལ་རེད།

    གང་ལགས་ཤེས་ན། ཕྲུ་གུ་མའི་མངལ་དུ་ཞུགས་སྐབས་ཤ་མ་དང་ཛར་ཛོར་གྱི་དངོས་པོ་གཞན་རབ་དང་རིམ་པ་ཕྲུ་གུའི་ཁ་དང་མིད་པའི་ནང་འདུས་སྲིད་པས། གལ་ཏེ་སླར་ཡང་དེར་རྩམ་པ་སྦྱིན་པའམ་བཟའ་ཆའི་རིགས་སྦྱིན་ན་ཕྲུ་གུ་དེ་ཉིད་ཀྱི་གློ་ཡུའི་དབུགས་ལམ་འགག་པའམ་ཡང་ན་རྩམ་པ་སོགས་འབོར་ཆེན་གློ་ཡུའི་ནང་འཛུལ་ནས་གློ་ཡུའི་གཉན་ཚད་ཚབས་ཆེན་ཕོག་ལ་དེ་ཉིད་ཕོ་བའི་ནང་བསགས་ཏེ(འཇུ་སྟོབས་ཞན་པའི་རྐྱེན་གྱིས)ལྟོ་བ་སྦོས་པ་སོགས་བྱེད་སྲིད།  དེར་བརྟེན་རྣམ་ཀུན་ཕྲུ་གུ་སྐྱེས་མ་ཐག་རྩམ་པ་སྟེར་བ་སོགས་བཀྲ་ཤིས་པ་དང་རྟེན་འབྲེལ་མཚོན་བྱེད་ཀྱི་སྲོལ་རྒྱུན་གྱི་ལྟ་བ་དེ་ཉིད་རྦད་དེ་དོར་ནས་དེ་ལས་ཕྲུ་གུར་ཀ་ར་དང་བུ་རམ་སོགས་ཅུང་ཟད་སྦངས་པའི་ཆུ་འཁོལ་སྟེར་དགོས།  དེ་ནས་ཞག་གཉིས་གསུམ་སོང་རྗེས་རིམ་བཞིན་རྩམ་པ་དང་འབྲས་ཐུག་སླ་པོ་སོགས་འཇུ་སླ་བའི་ཟས་རིགས་སྟེར་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།