དབུ་ཤོག
  • ཉིན་རེར་ཞག་ཚིལ་དང་ཚྭ་ཚད་གཞི་འདི་ལས་བརྒལ་མི་རུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-03

    u=2491521842,3344721338&fm=206&gp=0.jpg

    ད་ཆ་མི་མི་ཉུང་བ་ཞིག་གི་འཚོ་བའི་གོམས་གཤིས་ནང་། ཞག་ཚིལ་དང་ཚྭ་བསྟེན་དྲགས་པའི་གནད་དོན་ཡོད། སྣུམ་དང་ཚྭ་བཟས་དྲགས་ན་ཀླད་སྙིང་གི་ཁྲག་རྩར་ནད་ཕོག་པའི་ཉེན་ཁ་འཕྲད་ཅིང་། དེར་བརྟེན་སྣུམ་དང་ཚྭ་སྤྱོད་རྒྱུ་ཇེ་ཉུང་དུ་གཏོང་རྒྱུ་མ་ཟད། སྲོག་ཆགས་ཀྱི་ཤ་དང་སྣུམ་བཙོས། དུ་བདུགས་ཁ་ཟས། བསྙལ་བའི་ཟས་རིགས་སོགས་ཚད་ལས་བརྒལ་ཏེ་སྤྱོད་མི་རུང་། འཕྲོད་སྦྱོར་བདེ་ཐང་ཐད་ཀྱི་རིགས་གཅིག་མཁས་ཅན་གྱི་དྲན་སྐུལ་ལྟར་ན། མི་རེར་མཚོན་ན་ཉིན་རེར་སྣུམ་ཞག་ཁེ་25ལས་མི་བརྒལ་ཞིང་། ཚྭ་སྤྱོད་ཚད་ཁེ་6ལས་བརྒལ་མི་རུང་། སྣུམ་ཞག་དང་ཚྭ་སྤྱོད་པའི་ཚད་གཞི་འདི་ཚོད་འཛིན་རྒྱུན་འཁྱོངས་བྱེད་ཐུབ་ན། བདེ་ཐང་ཡོང་བའི་ཐབས་ཡག་པོ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།