དབུ་ཤོག>གསར་འགྱུར།
  • ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་རང་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་འཛུཌ་སྐྲུན་ལ་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-03

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་འགྲིམ་འགྲུལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་ཡན་ལག་དངུལ་ཁང་དང་མཉམ་དུ་ལྷ་སར་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་288.93ཟིན་པའི་གཏའ་འཇོག་ཁ་གསབ་དངུལ་བུན་གྱི་གྲོས་མཐུན་བཞག་ནས། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་མགྱོགས་སུ་གཏོང་བ་དང་། འབྱོར་འབྲིང་དང་དབུལ་སྐྱོར་འགག་སྒྲོལ་གྱི་བྱ་སྤྱོད་གོམ་སྟབས་གཅིག་མཚུངས་ངང་སྤེལ་རྒྱུར་རོགས་སྐྱོར་བྱས་པ་རེད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི《གཏའ་འཇོག་ཁ་གསབ་དངུལ་བུན་མ་དངུལ་ཡག་པོ་སྤྱད་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང་།རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི《གཏའ་འཇོག་ཁ་གསབ་དངུལ་བུན(PSL)གྱི་མ་དངུལ་སྤྱད་ནས་བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་དང་། ཆུ་བེད། སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་རྣམ་གྲངས་མཉམ་ལས་ཀྱི་གྲོས་མཐུན》གྱི་བླང་བྱ་གཞིར་བཟུང་། རང་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་མ་དངུལ་ཁ་ཐང་བ་དང་། ལས་འགན་ལྕི་བ། དགོས་མཁོ་ཁ་ཚ་དགོས་གཏུགས་བཅས་ཀྱི་དོན་དངོས་ལ་དམིགས་ནས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་འོག འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ལས་འཕེལ་རྒྱས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྦྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དོན་གཉེར་མཉམ་ལས་ཧུར་ཐག་བྱས་ནས་འབྲེལ་གཏུག་ཡང་སེ་དང་སྙན་སེང་ཐེངས་མང་ཞུས་པ་བརྒྱུད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས། བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་ཀྱི་དངུལ་བུན་དངུལ་གྲངས་སྒོར་དུང་ཕྱུར་228.93ལ་ཞིབ་བཤེར་ཆོག་མཆན་སྤྲད་པ་དང་། དེས་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་ནས་ཞིང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འགྲོ་སྐྱོད་ཆ་རྐྱེན་ལེགས་སུ་འགྲོ་བ་དང་ཞིང་འབྲོག་ཁུལ་གྱི་གནད་སྨིན་དབུལ་སྐྱོར་གྱི་རྨང་གཞི་བརྟན་དུ་ཕྱིན་ཏེ། 2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ངེས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།