དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་ཧྥུའུ་ཤིང་ཚོགས་པས་ཕོར་ཐིའུ་ཀལ་གྱི་ཁྲོམ་ཞུགས་དངུལ་ཁང་ཆེ་ཤོས་ལ་མ་རྐང་འཇོག་རྩིས་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-08-03

    ཉིན་ཤས་གོང་ཀྲུང་གོ་ཧྥུའུ་ཤིང་ཚོགས་པས་ཕོར་ཐིའུ་ཀལ་གྱི་ཁྲོམ་ཞུགས་དངུལ་ཁང་ཆེ་ཤོས་ཡིན་པའི་ཕོར་ཐིའུ་ཀལ་གྱི་ཚོང་ལས་དངུལ་ཁང་གི་མ་རྐང་17%ཉོ་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་མ་རྐང་གི་བསྡུར་ཚད་30%བར་འཕར་རེ་ཡོད་པ་རེད།

    ཕོར་ཐིའུ་ཀལ་ཚོང་ལས་དངུལ་ཁང་གིས་ལྟ་སྐུལ་དོ་དམ་གྱི་རེ་ཞུའི་ཡིག་ཆ་ཞིག་ནང་གོང་གསལ་གྱི་ཉོ་སྒྲུབ་རེ་བའི་ཁ་ཆད་ཀྱི་ནང་དོན་གཙོ་གྲས་བཏོན་ཡོད། མིག་སྔར་ཕོར་ཐིའུ་ཀལ་ཚོང་ལས་དངུལ་ཁང་གི་ཁྲོམ་རའི་རིན་གོང་ཡོ་སྒོར་དུང་ཕྱུར་11.8ཟིན་གྱི་ཡོད། དེ་ལྟར་རིགས་བསྒྲེ་ན། ཧྥུའུ་ཤིང་ཚོགས་པས་དངུལ་ཁང་དེའི་17%གྱི་མ་རྐང་ཉོ་བར་ཡོ་སྒོར་དུང་ཕྱུར་2ཙམ་གཏོང་དགོས་ཀྱི་ཡོད།

    ཟླ་7ཚེས་29ཉིན་ཁྱབ་བསྒྲགས་བྱས་པའི་ཡོ་རོབ་དངུལ་ཁང་ལས་རིགས་ཀྱི་གནོན་ཤུགས་ལ་ཚོད་ལྟ་བྱས་འབྲས་ལྟར་ན། ཕོར་ཐིའུ་ཀལ་ཚོང་ལས་དངུལ་ཁང་ལ་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་པའི་མ་རྩ་འདང་ངེས་ཡོད་པ་རེད།

    གོང་གསལ་གྱི་ཉོ་སྒྲུབ་གྲོས་འགོར་ད་དུང་ཕོར་ཐིའུ་ཀལ་ཚོང་ལས་དངུལ་ཁང་གི་ཏུང་ཧྲི་ཚོགས་པ་དང་། ཕོར་ཐིའུ་ཀལ་དང་ཡོ་རོབ་མནའ་འབྲེལ་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས།

    ཉེ་བའི་ལོ་ཤས་རིང་ཧྥུའུ་ཤིང་ཚོགས་པས་ཕྱི་རྒྱལ་གྱི་མཉམ་ཉོའི་ཁྱབ་ཁོངས་ནང་ཧུར་ཐག་ཞུགས་ཡོད། ཟླ་བདུན་པའི་ཟླ་མཇུག་ཏུ་ཧྥུའུ་ཤིང་ཚོགས་པས་མ་དངུལ་ཨ་སྒོར་དུང་ཕྱུར་12ཙམ་བཏང་ནས་རྒྱ་གར་གྱི་ཀེ་ལན་ཏེ་སྨན་རྫས་བཟོ་སྐྲུན་ཀུང་སིའི་མ་རྐང་86%ཉོ་རྒྱུའི་མོས་མཐུན་བྱས་ཡོད། དེ་གོང་ཚོགས་པ་དེས་ད་དུང་ཧྥ་རན་སེའི་གྲགས་ཅན་སྤྲོ་གསེང་གྲོང་ཚོའི་སྤུས་རྟགས་ས་དབུས་རྒྱ་མཚོའི་མཉམ་སྤྲོ་ཁང་དང་ཕོར་ཐིའུ་ཀལ་གྱི་འགན་བཅོལ་ཀུང་སི་ཆེ་ཤོས་ཡིན་པའི་ཁྲེང་ཧྲེ་འགན་བཅོལ་ཀུང་སི་ཉོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།