དབུ་ཤོག>གསར་འགྱུར།
  • ཏ་ཧྥ་ཀུང་སི་ཧྥོང་ཐེན་གྱི་མ་རྩ་ཡོངས་སྒྲིལ་ཡན་ལག་ཀུང་སིར་གྱུར་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-08-03

    ཚེས་1ཉིན་ཧྥོང་ཐེན་འོག་གི་རླངས་འཁོར་ཆུང་གྲས་ཐོན་སྐྱེད་བྱེད་མཁན་ཏ་ཧྥ་བཟོ་ལས་ཀུང་སི་འདི་ཧྥོང་ཐེན་གྱི་མ་རྩ་ཡོངས་སྒྲིལ་ཡན་ལག་ཀུང་སིར་གྱུར་ཅིང་། ཧྥོང་ཐེན་གྱིས་ཏ་ཧྥ་དང་དེ་བས་དམ་ཟབ་ཀྱི་གཞི་གཅིག་ཅན་གྱི་གཉེར་སྐྱོང་ཐུབ་པ་བྱས་ཏེ་གསར་དར་ཁྲོམ་རའི་དཔལ་འབྱོར་དངོས་ཚན་ལ་ཁ་ཕྱོགས་པའི་རླངས་འཁོར་ཆུང་གྲས་ཀྱི་ལས་སྒོ་སྟོབས་ཆེ་རུ་གཏོང་རྩིས་ཡོད་པ་རེད།

    རླངས་འཁོར་ཆེ་གྲས་ཀྱིས་འཕེལ་ཕྱོགས་གཙོ་བོ་བཟུང་བའི་གླིང་ཆེན་ཨ་མེ་རི་ཁ་བྱང་མའི་ཁྲོམ་རར་ཧྥོང་ཐེན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་རླངས་འཁོར་ཆུང་གྲས་ཀྱིས་འཕེལ་ཕྱོགས་གཙོ་བོ་བཟུང་བའི་ཨེ་ཤེ་ཡའི་ཁྲོམ་རར་འགྲན་རྩོད་ཀྱི་གནོན་ཤུགས་དྲག་པོ་ཕོག་ཡོད། ཧྥོང་ཐན་གྱིས་ཏ་ཧྥའི་མ་གནས་དམའ་པོས་ཐོན་སྐྱེད་བྱས་པའི་སྣུམ་གྲོན་ཆུང་ལ་ཤུགས་ཆེ་བའི་རླངས་འཁོར་བཟོ་རྩལ་ལ་བརྟེན་ནས་གསར་དར་ཁྲོམ་རར་ཧུར་ཐག་ཞུགས་རྩིས་ཡོད་པ་རེད།

    ཏ་ཧྥ་སྤུས་རྟགས་དེ་1907ལོར་གཏོད་པ་དང་རི་པིན་གྱི་ལོ་རྒྱུས་རིང་ཤོས་ཀྱི་རླངས་འཁོར་ཐོན་སྐྱེད་བཟོ་གྲྭ་ཞིག་ཡིན། 1998ལོར་ཀུང་སི་དེ་ཧྥོང་ཐེན་གྱི་ཡན་ལག་ཀུང་སིར་གྱུར་ཡོད། 2006ལོ་ནས་བཟུང་། ཏ་ཧྥ་ཡིས་རི་པིན་རྒྱལ་ནང་གི་རླངས་འཁོར་ཡང་གྲས་བྲིན་ཁ་རྒྱུག་ཤོས་ཀྱི་གནས་བབ་ལོ་10བསྟུད་མར་བཟུང་མྱོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།