དབུ་ཤོག>གསར་འགྱུར།
  • དུས་ཚིགས་དང་པོ་དང་གཉིས་པར་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་13.51ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-02

    སྐྱིད་གྲོང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་དང་མཉེན་ཆས་སྒྲིག་ཆས་སླར་གསོ་བསྐྱར་སྐྲུན་བྱས་པ་དང་བསྟུན་ནས། ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕར་ཡོད་ཅིང་། ལྷ་ས་འགག་སྒོས་བསྡོམས་རྩིབ་བརྒྱབ་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་13.51ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ལྡབ་11.51འཕར་བ་དེའི་ནང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར་0.15དང་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར་13.36ཟིན་ནས་ལྡབ་47.13དང་11.48སོ་སོར་འཕར་བ་དང་། ཉོ་ཚོང་གི་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་13.21ཟིན་པ་དེའི་ནང་མཐའ་མཚམས་ཀྱི་འབོར་ཉུང་ཉོ་ཚོང་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་11.09ཟིན་པ་དེས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་རིན་ཐང་བསྡོམས་འབོར་གྱི་82.118%ཟིན་ནས་གནས་བབ་གཙོ་བོ་བརྟན་པོ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་དངོས་ཟོག་ནི་ཟངས་བཟོས་བརྐོས་མ་དང་། ཟངས་བཟོས་སྒྲིག་ཆས། ཧ་ཡང་ལས་བཟོས་པའི་སྒྲིག་ཆས། རས་ཆས་སོགས་གཙོ་བོར་ཡིན་པ་དང་། ནང་འདྲེན་བྱས་པའི་དངོས་ཟོག་ཁྲོད་གོས་རྒྱན་དང་། ལྷམ་རིགས། ཞིང་ཞོར་ཐོན་རྫས། འཁེལ་འཐག་ཐོན་རྫས། སྒུལ་བདེའི་ས་ཚིགས་བཅས་གཙོ་བོར་ཡིན་པ་རེད། སྐྱིད་གྲོང་འགག་སྒོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་གི་གྲུབ་ཆ་སྔར་བས་ལེགས་སུ་བཏང་སྟེ་ཉོ་ཚོང་གི་གཏོང་མང་ཡོང་ཉུང་གི་ཧེ་བག་ཆུང་དུ་གཏོང་ཆེད། སྐྱིད་གྲོང་འགག་སྒོས་འགག་སྒོའི་གནས་ཚུལ་དངོས་ལ་དམིགས་ནས། ས་གནས་ཀྱི་ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ངང་འཕར་རྒྱུ་དང་། ཁྲོམ་རའི་ཡིད་ཆེས་ཆེ་རུ་གཏོང་རྒྱུ། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་དང་། འགག་སྒོ་ཤར་བགྲོད་སྟབས་བདེ་རུ་བཏང་བ་བརྒྱུད། ནེ་པ་ལའི་ཁ་གདན་དང་། རས་ཆས། ཞིང་ཞོར་ཐོན་རྫས་སོགས་ཀྱི་ཚོང་ཟོག་ནང་འདྲེན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།