དབུ་ཤོག>གསར་འགྱུར།
  • ཉིང་ཁྲིས་དབུལ་སྒྲོལ་འགག་སྒྲོལ་གྱི“མཉམ་སྡེབ་བྱ་ཐབས”བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-02

    འདི་ལོ་ཤར་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་སྡེབ་བྱ་ཐབས་བཏོན་ཏེ་ཡུལ་བབ་དང་བསྟུན་ནས་དབུལ་སྒྲོལ་དང་། བྱ་ཐབས་སྣ་མང་སྤྱད་དེ་དབུལ་སྒྲོལ། སྲིད་གཞུང་གིས་མཐའ་སྐྱོད་འགན་ལེན་བཅས་བྱས་ནས་2016ལོར་ཉིང་ཁྲི་གྲོང་ཁྱེར་གྱི་མི་འབོར་དབུལ་པོའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་16%ཡན་འཕར་རྒྱུའི་བརྩོན་ལེན་བྱས་པས། དུད་ཚང་3376གི་མི་གྲངས་11172དབུལ་སྒྲོལ་ཐུབ་པ་དང་། དབུལ་པོ་ཐོན་ཚད་3%མན་ཆག་ནས་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་གི་དབུལ་པོའི་ཞྭ་མོ་འབུད་རྒྱུའི་བརྩོན་ལེན་བྱས་ཡོད་པ་རེད།

    ཡུལ་བབ་དང་བསྟུན་ནས་དབུལ་སྒྲོལ་བྱས་ཤིང་། ཆ་རྐྱེན་འཛོམས་པའི་ས་གནས་ལ་ཆ་མཚོན་ན། རང་བརྟེན་གསར་གཏོད་ཀྱི་དབུལ་སྒྲོལ་དང་ཐོན་ལས་ཀྱིས་རོགས་སྐྱོར་བྱེད་པའི་དབུལ་སྒྲོལ་བྱ་ཐབས་ལག་བསྟར་བྱས་པ་དཔེར་ན། ཁྱད་ལྡན་ཞིང་འབྲོག་ལས་དང་། སྣོད་བཅུད་ཡུལ་སྐོར་ལས་རིགས། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། རིག་གནས་ཐོན་ལས། མི་རིགས་ལག་ཤེས་བཟོ་ལས་སོགས་འཕེལ་རྒྱས་བཏང་བ་དང་། “ཡུལ་ཞིག་གིས་ཡུལ་དེ་གའི་མི་སྣ་འཚོ་སྐྱོང་མི་ཐུབ་པའི”ས་གནས་ལ་ཆ་མཚོན་ན། ལས་ཞུགས་གཞན་སྒྱུར་གྱི་དབུལ་སྒྲོལ་དང་ས་ཆ་གཞན་གསར་སྤེལ་བྱས་ནས་དབུལ་སྒྲོལ་བྱེད་པའི་བྱ་ཐབས་ལག་བསྟར་བྱས་པ་དཔེར་ན། གྲོང་སྡེ་ཆུང་ངུ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་བརྟེན་ནས་ངལ་ནུས་ཕྱིར་གཏོང་རུ་ཁག་བཙུགས་པ་དང་། མང་ཚོགས་དབུལ་པོར་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་ནང་ཞུགས་རྒྱུའི་ཡར་སྐུལ་སོགས་བྱས་ཡོད་པ་རེད། རི་གསེབ་གྲོག་རོང་ཁྲོད་ཐོན་ཁུངས་དཀོན་པ་དང་། རྨང་གཞིའི་སྒྲིག་བཀོད་རྗེས་སུ་ལུས་པ། སྤྱི་པའི་ཞབས་ཞུའི་ནུས་པ་ཞན་པ་བཅས་ཀྱི་ས་གནས་ལ་ཆ་མཚོན་ན། ཡུལ་གཞན་དུ་གནས་སྤོ་བྱེད་པ་དང་དེ་བཞིན་སྒྲིག་བཀོད་ཆ་ཚང་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པའི་བྱ་ཐབས་ལག་བསྟར་བྱས་ཡོད་པ་དང་། མཐའ་མཚམས་འཐབ་ཕྱོགས་དང་པོར་ཆ་མཚོན་ན། ས་ཁུལ་དབུལ་པོའི་མང་ཚོགས་རྣམས་ས་སྲུང་མཐའ་བརྟན་ནང་ཞུགས་རྒྱུའི་ཡར་སྐུལ་དང་མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་ཁྱབ་ཁོངས་ཆེ་རུ་བཏང་སྟེ་མཐའ་མཚམས་འཐབ་ཕྱོགས་དང་པོའི་མང་ཚོགས་དབུལ་པོ་དག་མཐའ་མཚམས་སྲུང་སྐྱོང་བྱེད་མཁན་ནང་བཅུག་ཡོད་པ་རེད།

    བྱ་ཐབས་སྣ་མང་སྤྱད་དེ་དབུལ་སྒྲོལ་བྱས་ཤིང་། ལས་རིགས་ཀྱིས་རོགས་སྐྱོར་བྱས་ཏེ་དབུལ་སྒྲོལ་བྱེད་པའི་བྱ་ཐབས་ལག་བསྟར་བྱས་ནས་འགྲིམ་འགྲུལ་དང་། ཆུ་བེད། འཕྲིན་གཏོང་། ནུས་རྒྱུ། སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་ལས་རིགས་སྡེ་ཚན་གྱིས་ཤང་དང་། གྲོང་རྡལ། གྲོང་ཚོ་བཅས་དབུལ་པོའི་དཀའ་ངལ་སྔོན་ལ་ཐག་གཅོད་བྱས་ཡོད་པ་དང་། ཁེ་ལས་ཀྱིས་རོགས་སྐྱོར་བྱས་ཏེ་དབུལ་སྒྲོལ་བྱེད་པའི་བྱ་ཐབས་ལག་བསྟར་བྱས་ཏེ་ཁྲལ་བསྡུ་དང་། རྣམ་གྲངས་བཀོད་སྒྲིག ནོར་སྲིད་སྲིད་ཇུས། དངུལ་རྩའི་ཡིད་རྟོན་རོགས་སྐྱོར་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བརྒྱུད། ཁེ་ལས་དག་ལ་མང་ཚོགས་དབུལ་པོ་བསྡུས་ནས་ལས་ཞུགས་བྱེད་དུ་འཇུག་པ་དང་། དུད་ཚང་དབུལ་པོའི་ཐོན་སྐྱེད་དང་འཚོ་བར་རོགས་སྐྱོར་བྱ་རྒྱུར་ཡར་སྐུལ་བྱས་ཡོད་ཅིང་། ཁ་གཏད་རོགས་སྐྱོར་གྱི་དབུལ་སྒྲོལ་བྱ་ཐབས་ལག་བསྟར་བྱས་ནས་ཤང་དང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་ཤང་དང་གྲོང་རྡལ་དེ་གའི་གྲོང་ཚོ་དབུལ་པོ་དང་། མང་ཚོགས་དབུལ་པོར་རོགས་སྐྱོར་བྱེད་པའི་ལས་ཀའི་འགན་ཁུར་བ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག ཤང་གི་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པས་དུད་ཚང་དང་མིར་ཁ་གཏད་རོགས་སྐྱོད་བྱས་ཏེ“ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་དེ་རྒྱུན་གཏན་ཅན་དུ་གྱུར་བར་སྐུལ་འདེད་བཏང་ཡོད་པ་རེད།

    སྲིད་གཞུང་གིས་མཐའ་སྐྱོང་འགན་ལེན་བྱས་ཤིང་། སྨན་བཅོས་རོགས་སྐྱོབ་ཀྱི་དབུལ་སྒྲོལ་བྱ་ཐབས་ལག་བསྟར་བྱས་ནས་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ནད་གཞི་ཆུང་རིགས་ཐོན་སྐབས་གྲོང་ཚོ་ནས་ཐོན་མི་དགོས་པ་དང་ཤང་དང་གྲོང་རྡལ་ནས་ཐོན་མི་དགོས་པ་བྱས་ཁར། མང་ཚོགས་དབུལ་པོ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་སྐབས་གཏའ་དངུལ་འཇོག་མི་དགོས་པ་དང་སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་རྩིས་རྒྱག་པའི་སྨན་བཅོས་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ཡོད་ཅིང་། སློབ་གསོའི་དབུལ་སྐྱོར་འདུ་འགོད་དང་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་འཆར་གཞི་ལག་བསྟར་བྱས་ནས་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ཚང་མས་གཞུང་དྲང་ལ་སྤུས་ཚད་ལྡན་པའི་སློབ་གསོ་དང་ལེན་བྱ་རྒྱུ་ཡོང་བ་བྱས་པ་དང་། དབུལ་པོའི་རྒྱུན་ཆད་པར་བྱས་ཏེ་ངལ་རྩོལ་ནུས་ཤུགས་ཡོད་པའི་མང་ཚོགས་དབུལ་པོ་གསོ་སྦྱོང་བྱས་ནས་ཁོང་ཚོའི་ངལ་རྩོལ་རྩལ་ནུས་མཐོ་རུ་བཏང་ཡོད་པ་དང་། སྤྱི་ཚོགས་འགན་ལེན་གྱི་མཐའ་སྐྱོང་ལག་བསྟར་བྱས་ནས་མ་མཐའི་འཚོ་བའི་འགན་ལེན་གྱི་ཆ་རྐྱེན་འཛོམས་པའི་དུད་ཚང་དབུལ་པོ་ཚང་མ་མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས་མ་མཐའི་འཚོ་བའི་འགན་ལེན་དང་འགན་ལེན་ལྔའི་མི་སྣའི་བསྙེན་བཀུར་ཚད་གཞི་རིམ་བཞིན་མཐོ་རུ་བཏང་བས། འདོད་མོས་ཡོད་པའི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་གསོ་སྐྱོང་དང་། དབང་པོ་སྐྱོན་ཅན་དང་དྭ་ཕྲུག་གཅིག་སྡུད་གསོ་སྐྱོང་བྱེད་ཚད་100%ཟིན་པ་དང་། སྲིད་གཞུང་གི་ཁ་གསབ་ཕྱོགས་ཡོངས་ལ་སྐུལ་འདེད་བཏང་ནས་མང་ཚོགས་དབུལ་པོ་100%སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།