དབུ་ཤོག>གསར་འགྱུར།
  • ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱི་བཟོ་ལས་གོང་འཕེལ་རྣམ་པ་ཡག་པོ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     སྤེལ་དུས།  2016-08-01

    སྤྱི་ལོ་2016ལོའི་ལོ་སྟོད་དུ་བོད་ཀྱི་བཟོ་ལས་དཔལ་འབྱོར་མགྱོགས་མྱུར་འཕར་སྣོན་བྱུང་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་27དང་བྱེ་བ་7དང་ས་ཡ་4ཟིན་ནས་བརྒྱ་ཆ་12འཕར་ནས། བཟོ་ལས་བྲིན་འཚོང་རིན་ཐང་སྒོང་དུང་ཕྱུར་62དང་བྱེ་བ་8བྱུང་བ་དང་། ཐོན་རྫས་བྲིན་འཚོང་བྱེད་ཚད་བརྒྱ་ཆ་100དང་གྲངས་ཆུང་1ཟིན་ནས། ཐོན་ལས་གཉིས་པས་རྒྱལ་དམངས་དཔལ་འབྱོར་མགྱོགས་མྱུར་འཕར་སྣོན་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད།

    སྤྱི་ལོ་2016ལོའི་ལོ་སྟོད་དུ་བོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་འཕར་སྣོན་རིན་ཐང་སྒོར་དུང་ཕྱུར་27དང་བྱེ་བ་7དང་ས་ཡ་4བྱུང་ནས། འཕར་ཚད་བརྒྱ་ཆ་12ཟིན་ཡོད། བོད་ནད་བཟོ་ལས་ཁུལ་དུ་ཐོ་འགོད་བྱེད་པའི་ཁེ་ལས་184ཟིན་པ་དང་། ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་གཏན་ཆགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་12ཟིན་ནས་བརྒྱ་ཆ་188འཕར་སྟེ། དཔྱ་ཁྲལ་སྒོར་དུང་ཕྱུར་30དང་གྲངས་ཆུང་93ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁེ་གཉེར་འདུ་ཤེས་འགྱུར་བ་བྱུང་བ་དང་དེ་བཞིན་བོད་ཀྱི་འགྲེམ་འགྲུལ་དང་ཉོ་ཚོང་ཆ་རྐྱེན་བཅས་ལེགས་བཅོས་བྱེད་པ་དང་བསྟུན་ནས། བོད་རང་སྐྱོང་ལྗོངས་ཀྱི་ཤེལ་དམ་འཐུང་ཆུའི་ཐོན་ལས་ཀྱིས་རང་ངོས་ཀྱི་ཁྱད་ཆོས་ལ་བརྟེན་ནས་རིམ་བཞིན་འབུར་ཐོན་བྱུང་འགོ་ཚུགས་ཏེ། ཐོན་ལས་གཙོ་བོར་འགྱུར་ཡོད། ལོ་སྟོད་དུ་བོད་ཀྱི་ཤེལ་དམ་འཐུང་ཆུའི་ཐོན་ལས་ཏུན་ཆིག་འབུམ་ལྔ་ཁྲི་དགུ་སྟོང་ཟིན་ནས་བརྒྱ་ཆ་50འཕར་ཡོད།

    སྤྱི་ལོ་2016ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་སུམ་པ་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཡིན། ལོ་ཕྱེད་སོང་རིང་རྒྱལ་ཡོངས་ཀྱི་ཟོག་གོང་ཟམ་མི་ཆད་པར་ཚད་གཞི་མཐོ་པོའི་ཐོག་འཁོར་རྒྱུག་བྱེད་པ་དང་དཔལ་འབྱོར་འཕར་སྣོན་ཐད་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་གནས་ཚུལ་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁོག་སྙོམ་སྒྲིག་བྱ་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་གོང་འཕེལ་གྱི་ཁོར་ཡུག་ལེགས་བཅོས་ཧུར་ཐག་བྱེད་པ། རྒྱལ་དམངས་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས། རྒྱལ་དམངས་དཔལ་འབྱོར་གྱིས་གོམ་པ་ཡག་པོ་སྤོས་པ་དང་འགོ་ཡག་པོ་འཛུགས་པའི་དམིགས་ཚད་བླང་ཆ་མངོན་འགྱུར་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།