དབུ་ཤོག>གསར་འགྱུར།
  • བོད་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་གཏོང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-31

    ཚེས་28ཉིན། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་དྲུག་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2505.95ཟིན་པ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་མྱུར་དུ་འཕར་བ་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་དངུལ་རྩའི་འདེགས་སྐྱོར་ཆེན་པོ་ཞིག་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་དངུལ་རྩའི་སྒྲིག་གཞིས་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་ཡིག་ཚགས་བཟོས་ནས་གཱ་སྤྲད་པའི་དབུལ་པོ་མི་གྲངས་ཁྲི་59རྩིས་གཞིར་བཟུང་སྟེ། དངུལ་རྩའི་གནད་སྨིན་དབུལ་སྐྱོར་ཆ་འཕྲིན་མ་ལག་ཅིག་བསྐྲུན་ཡོད་པ་རེད། ཟླ་བཞི་པའི་ཟླ་མཇུག་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་ཞིང་ལས་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ལ་ཡིག་ཚགས་བཟོས་ནས་གཱ་སྤྲད་པའི་དབུལ་པོ་མི་གྲངས་ཁྲི་26.31ལ་ཡུལ་གཞན་དབུལ་སྐྱོར་གནས་སྤོའི་ཆེད་དམིགས་དངུལ་བུན་བཏང་ནས་རྒྱལ་ཡོངས་ཀྱི་ས་གནས(གྲོང་ཁྱེར)ཁག་གི་ཡུལ་གཞན་དབུལ་སྐྱོར་གནས་སྤོའི་དངུལ་བུན་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་རེད། ཟླ་དྲུག་པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་404ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་50.19%འཕར་བ་དང་ལྗོངས་ཡོངས་ཀྱི་ཞིང་འབྲོག་པར་ཐོན་འཕར་དང་། འབབ་འཕར། དབུལ་སྒྲོལ་ཕྱུག་འགྱུར་བཅས་ཡོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།