དབུ་ཤོག>གསར་འགྱུར།
  • ཆབ་མདོས་སྒོར་དུང་ཕྱུར་9བཏང་སྟེ་གཞུང་ལམ་གསར་བསྐྲུན་བསྐྱར་བསྐྲུན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-31

    ཚེས་15ཉིན་གྱི་སྔ་དྲོ་རྒྱལ་ལམ་214དང་317རྒྱུད་ཀྱི་ཆབ་མདོ་གྲོང་རྡལ་བརྒྱུད་ནས་འགྲོ་བའི་གཞུང་ལམ་གསར་སྐྲུན་བསྐྱར་སྐྲུན་གྱི་ལས་གྲྭ་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་གསལ། རྣམ་གྲངས་ལ་ཁྱོན་སྒོར་དུང་ཕྱུར་8.96བཏང་ཞིང་། སྤྱིའི་ལམ་ཚད་སྤྱི་ལེ་11.3དང་ལས་ཡུན་ལོ་3ཡིན་པའི་ལས་གྲྭའི་ཁོངས་སུ་ཕུག་ལམ་གཉིས་དང་། ཟམ་པ་གཉིས། ཡན་ལག་ལམ་བུ་གསུམ་བཅས་ཚུད་ཡོད། ད་ཆ་རྣམ་གྲངས་དེར་ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གིས་དངུལ་སྔོན་ལ་བཏང་སྟེ་ནུབ་ཀྱི་ཟམ་ཆེན་ནས་ནགས་ཚལ་སྤྱི་གླིང་བར་སྔ་སྣུར་དུ་ལག་ལེན་བསྟར་བར་སྒོར་དུང་ཕྱུར་2.52བཏང་བ་རེད།

    ཆབ་མདོའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྱོང་ལ་སྐུལ་མ་མགྱོགས་མྱུར་ཕྱིན་པ་དང་སྦྲགས་ཁ་རུབ་ཆུས་ཀྱི་ཡུལ་མི་དང་ཕྱོགས་མི་དེ་བཞིན་རླངས་འཁོར་རིམ་བཞིན་མང་དུ་ཕྱིན་པའི་དབང་གིས་རྒྱལ་ལམ་214དང་317འདུས་མཚམས་ཀྱི་ཆབ་མདོ་གྲོང་ཁྱེར་ལམ་དུམ་དུ་རླངས་འཁོར་འགག་པ་དང་འཚང་ཁ་ཆེ་བའི་སྣང་ཚུལ་ཉིན་རེ་བཞིན་ཚབས་ཆེ་རུ་སོང་སྟབས་འཁོར་རིགས་དང་རྐང་ཐང་མར་འགྲོ་མཁན་གྱི་བདེ་འཇགས་དང་གྲོང་ཁྱེར་གྱི་གཙང་སྦྲ་འཕྲོད་བསྟེན་ལ་སྐྱོན་ཆེན་པོ་བཟོ་གི་ཡོད། དེས་ན་གཞུང་ལམ་དང་གྲོང་ཁྱེར་ནང་གི་འགྲོ་ལམ་ལེགས་སུ་བཏང་ནས་གྲོང་ཁུལ་གྱི་འགྲིམ་འགྲུལ་དང་རྒྱལ་ལམ་ཐོག་དེ་ཙམ་འཚང་ཁ་མི་ཡོང་བ་དང་། གྲོང་ཁྱེར་གྱི་ཤེས་དཔལ་དང་གཙང་སྦྲ་འཕྲོད་བསྟེན་ལེགས་སུ་བཏང་ནས་ཆབ་མདོ་གྲོང་ཁྱེར་གྱི་འཕེལ་རྒྱས་འཆར་འགོད་ཀྱི་དམིགས་ཚད་འགྲུབ་ཆེད། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རྒྱལ་ལམ་214དང་317འདུས་མཚམས་ཀྱི་ཆབ་མདོ་གྲོང་རྡལ་ལམ་དུམ་གྱི་གཞུང་ལམ་གསར་སྐྲུན་རྒྱས་སྐྲུན་གྱི་ལས་གྲྭ་ལག་ལེན་བསྟར་རྒྱུའི་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།