དབུ་ཤོག>གསར་འགྱུར།
  • རྒྱལ་ཡོངས་རིག་དངོས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-30

    ཚེས་28ཉིན་གྱི་སྔ་དྲོ། རྒྱལ་ཡོངས་རིག་དངོས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་གསུངས་པ་དང་། རིག་གནས་པུའི་ཏང་ཙུའི་ཁོངས་མི་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས་གསུང་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་དུས་ཡུན་རིང་པོའི་ནང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་། བོད་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། བོད་ཀྱི་རིག་དངོས་བྱ་གཞག་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། རྒྱལ་ཁབ་རིག་དངོས་ཅུས་དང་རིག་དངོས་ཁོངས་གཏོགས་ཀྱི་ཤུགས་ཆེའི་རོགས་སྐྱོར་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག ལྗོངས་ཡོངས་ཀྱི་རིག་དངོས་སྡེ་ཚན་དང་རིག་དངོས་ལས་དོན་པས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། བོད་ཀྱི་རིག་དངོས་བྱ་གཞག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་མ་ཟད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས། རྒྱལ་ཁབ་རིག་དངོས་ཅུས་དང་རྒྱལ་ཡོངས་རིག་དངོས་ཁོངས་གཏོགས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་དང་། ལྷག་དོན་དུ་རིག་དངོས་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག བོད་ཀྱི་རིག་དངོས་བྱ་གཞག་གི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་རིག་དངོས་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཁྱོན་ཡོངས་ཀྱི་ལས་དོན་ཁྲོད་བོད་ཀྱི་རིག་དངོས་སྲུང་སྐྱོབ་ཀྱི་གནས་བབ་ཧ་ཅང་གལ་ཆེན་དང་དེར་ནུས་པ་དམིགས་བསལ་ལྡན་ཡོད་པས། རིག་དངོས་སྲུང་སྐྱོབ་དང་། བེད་སྤྱོད། འཕེལ་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དེ་རིམ་ཁག་ཏང་ཨུད་སྲིད་གཞུང་དང་སྡེ་ཚན་ཁག་གི་ཐུན་མོང་གི་འགན་འཁྲི་ཞིག་རེད།

    ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་པ་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་རིག་དངོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་རིག་དངོས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་གཞིར་བཟུང་། རིག་དངོས་སྲུང་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ། རྒྱལ་ཡོངས་རིག་དངོས་ཁོངས་གཏོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་ནན་པོ་བྱས་ནས་འགན་འཁྲི་འཁུར་ཕོད་པའི་བསམ་པ་སྔར་བས་ཆེ་རུ་གཏོང་རྒྱུ། རྒྱུན་ཆད་མེད་པར་རྨང་གཞི་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་བྱ་ཤུགས་ཆེ་རུ་གཏོང་བ། བེད་སྤྱོད་བྱེད་རྒྱ་རྒྱ་ཆེར་གཏོང་བ། ནུས་པ་ཆེ་རུ་གཏོང་བ། ཁྲིམས་ལྟར་དོ་དམ་བྱེད་པ་བཅས་བྱས་ནས། རིག་དངོས་ལྗོངས་ཆེན་པོ་ནས་རིག་དངོས་སྟོབས་ཆེན་ལྗོངས་བར་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བ་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ལིའུ་ཡུས་ཀྲུའུ་ཡིས་རིག་དངོས་བོད་སྐྱོར་ལས་དོན་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་བོད་དེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་། མི་རིགས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྐྱེད་སྲིང་བྱེད་པ། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་པ་བཅས་ཀྱི་དགོས་ངེས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག ཀྲུང་དབྱང་གི་དམངས་ཕྱུག་བོད་དར་གྱི་འཐབ་ཇུས་དོན་འཁྱོལ་དང་བོད་ཀྱི་རིག་དངོས་བྱ་གཞག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐབས་ལམ་གལ་ཆེན་ཞིག་བཅས་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རིག་དངོས་ཁ་གཏད་བོད་སྐྱོར་ལས་དོན་གྱི་ལས་འགན་གཙོ་བོ་ནི། གཅིག་ནས་བོད་ཀྱི་རིག་དངོས་སྲུང་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ་གཙོ་གནད་རིག་དངོས་སྲུང་སྐྱོང་ལས་གྲྭ་ཁག་གཅིག་ལག་བསྟར་བྱ་རྒྱུ་དང་། གཉིས་ནས་བོད་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་དང་འགྲེམས་སྟོན་ཁོར་ཡུག་ལེགས་སུ་གཏོང་བའི་ལས་གྲྭ་ཁག་གཅིག་ལག་བསྟར་བྱ་རྒྱུ། གསུམ་ནས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཞི་ནས་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཤུགས་བརྒྱབ་སྟེ་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་བཅས་ཡིན།

    མིག་སྔར་གཏན་འཁེལ་བྱས་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་བོད་ཀྱི་རིག་དངོས་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་ཁ་གསབ་མ་དངུལ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”རྨང་གཞིའི་ཐོག་སླར་ཡང་ལྡབ་གཅིག་འཕར་བ་དང་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་20ལས་མི་དམའ་བ། བོད་ལྗོངས་ལྷ་སའི་གནའ་གྲོང་གི་སྤྱི་ཡོངས་ཀྱི་ཡིག་ཐོག་སྙན་ཞུ་ཕུལ་བའི་འཛམ་གླིང་རིག་དངོས་ཤུལ་བཞག་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཤིང་། རིག་དངོས་སྲུང་སྐྱོབ་ཚན་པ་གཙོ་བོ་77ལ་སྲུང་སྐྱོང་དང་ཉམས་གསོ་བྱས་པ་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་རྟེན་རྫས་བཤམས་མཛོད་ཁང་9གསར་སྐྲུན(བསྐྱར་སྐྲུན་རྒྱས་སྐྲུན)བྱས་ནས་འགྲེམས་སྟོན་ཁོར་ཡུག་ལེགས་སུ་བཏང་ཡོད། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་སྡེ་ཚན་དང་འབྲེལ་ཡོད་ཚན་པས་མིག་སྔར་རོགས་སྐྱོར་རྣམ་གྲངས་111གཏན་འཁེལ་བྱས་པ་དང་རོགས་སྐྱོར་མ་དངུལ་སྒོར་ཁྲི་2000ཙམ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།