དབུ་ཤོག>གསར་འགྱུར།
  • སྐྱིད་གྲོང་རྫོང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-29

    འདི་ལོ་སྐྱིད་གྲོང་རྫོང་གིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་22.23གཏོང་རྩིས་ཡོད་པའི་ཁྲོད་ནས་མཐུད་འཛུགས་རྣམ་གྲངས་ལ་སྒོར་དུང་ཕྱུར་3.4གཏོང་རྩིས་ཡོད་པ་དང་། གསར་དུ་ལས་འགོ་འཛུགས་པའི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་18.83གཏོང་རྩིས་ཡོད་པ་རེད། མིག་སྔའི་བར་སྐྱིད་གྲོང་རྫོང་གིས་མ་དངུལ་སྒོར་ཁྲི་19573.02བཏང་ཡོད་པ་རེད།

    རྣམ་གྲངས་ཀྱི་འགོ་ཁྲིད་ལ་དམ་འཛིན་ནན་པོ་བྱས་ཤིང་། རྫོང་གི་རྣམ་གྲངས་ལས་དོན་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་དང་ཕུན་སུམ་ཚོགས་སུ་བཏང་སྟེ། རྫོང་ཡོངས་ཀྱི་རྣམ་གྲངས་ཀྱི་ལས་ཀའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་དང་། འཛུགས་སྐྲུན་དོ་དམ། འགན་ལེན་ལྟ་སྐུལ་བཅས་ཀྱི་འགན་འཁྲི་ཁ་གསལ་བཟོས་པས། རྫོང་ཡོངས་ཀྱི་རྣམ་གྲངས་ལས་ཀའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་ཆེད་དང་དུས་བཀག་ལྟར་གཏན་འཇགས་མ་དངུལ་གྱི་མ་འཇོག་ལས་འགན་ལེགས་གྲུབ་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    རྣམ་གྲངས་ཀྱི་གྲ་སྒྲིག་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཤིང་། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་དེ་བཞིན་འཕེལ་རྒྱས་ཀྱི་གཙོ་གནད་ཁོང་དུ་ཧུར་ཐག་ཆུད་པ་བྱས་ཏེ། རྫོང་དེའི་རྣམ་གྲངས་གཞུང་ལས་ཁང་དང་རྣམ་གྲངས་ཚན་པ་ཁག་གིས་ལས་བགོས་གཞོགས་འདེགས་བྱས་ནས། རྣམ་གྲངས་ཀྱི་གྲ་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད་པ་རེད།

    རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ནན་པོ་བྱས་ཤིང་། མིག་སྔའི་བར་རྫོང་ཡོངས་སུ་མཐུད་འཛུགས་རྣམ་གྲངས་26ལས་འགོ་ཚུགས་པར་མ་དངུལ་སྒོར་ཁྲི་3555.02བཏང་བ་དང་། གེགས་རྗེས་བསྐྱར་སྐྲུན་གྱི་འཛུགས་སྐྲུན་རྣམ་གྲངས་5ལས་འགོ་ཚུགས་པར་མ་དངུལ་སྒོར་ཁྲི་10150བཏང་བ། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ལས་འགོ་ཚུགས་པའི་རྣམ་གྲངས་24ལ་མ་དངུལ་སྒོར་ཁྲི་3568བཏང་བ། ཚོང་འགུག་མ་འདྲེན་དང་སྤྱི་ཚོགས་ཀྱི་མ་འཇོག་རྣམ་གྲངས་3ལ་མ་དངུལ་སྒོར་ཁྲི་2300བཏང་ཡོད་པ་རེད།

    རྣམ་གྲངས་དོ་དམ་ལ་དམ་འཛིན་ནན་པོ་བྱས་ཤིང་། རྣམ་གྲངས་ཀྱི་ལས་ཀའི་གོ་རིམ་ནན་པོ་བསྲུངས་ཏེ། རྒྱལ་ཁབ་དང་ལས་རིགས་ཀྱི་ཚད་གཞི་དང་རྣམ་གྲངས་དོ་དམ་ཚད་ལྡན་དུ་གཏོང་རྒྱུར་དོན་འཁྱོལ་ནན་ཏན་བྱས་པ་དང་། “ལམ་ལུགས་ལྔའི”བླང་བྱ་ལག་བསྟར་ནན་ཏན་བྱས་པ། རྣམ་གྲངས་ཀྱི་ལྟ་སྐུལ་དོ་དམ་ལས་དོན་ཡག་པོ་བསྒྲུབས་པ། གཙོ་གནད་རྣམ་གྲངས་ཀྱི་རྗེས་འདེད་རྩིས་བཤེར་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ། སྤུས་ཚད་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཚད་ལྡན་དང་མ་དངུལ་བདེ་འཇགས་ཡོང་རྒྱུར་འགན་ལེན་བྱས་ཡོད་པ་རེད།

    རྣམ་གྲངས་ཀྱི་འགན་འཁྲིར་དམ་འཛིན་ནན་པོ་བྱས་ཤིང་། གཙོ་གནད་རྣམ་གྲངས་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དང་། ལྡོག་རྩིས་ལམ་ལུགས། བྱ་དགའ་ཆད་གཅོད་ལམ་ལུགས་བཅས་དོན་འཁྱོལ་བྱས་ཏེ། འགན་འཁྲི་ཁུར་མཁན་དང་ལས་གྲྭའི་དུས་ཚོད་རེའུ་མིག་ཁ་གསལ་བཟོས་ནས། མ་འཇོག་བྱེད་ཚད་དང་ལས་གྲྭའི་འཕེལ་རིམ་སྔོན་ཚུད་དང་འཆར་གཞི་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།