དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་རར་འཕར་རྣམ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-29

     དབྱར་དུས་ཀྱི་ལྷ་སའི་ཁྲོམ་ར་དང་ཚོང་ར་ཁག་ཏུ་མི་ཚོགས་ཀྱིས་ཁེངས་པ་དང་། དངུལ་བསྡུ་ས་ཆེ་གྲས་ཁག་ཏུ་བང་བསྒྲིགས་ནས་རྩིག་རྒྱག་བཞིན་ཡོད་ཅིང་། རང་ལྗོངས་ཀྱི་དཔལ་འབྱོར་རབ་འབྱམས་པ་ཤེ་ཝུའི་ཡིས“ཟ་མ་རྒྱས་པོ་ཟ་བ་དང་། ཁྲོམ་སྐོར་བ། གློག་བརྙན་ལྟ་བ་བཅས་ནི་ལས་སླ་པོ་ཞིག་མིན་པས་དེ་ཐོག་ནས་རང་ལྗོངས་ཀྱི་འཛད་སྤྱོད་ལ་ལེགས་སྐྱེས་འབུལ་ཚད་མཐོ་རུ་ཕྱིན་པ་མཚོན་གྱི་ཡོད”ཅེས་བཤད་བྱུང་།

    ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་ཁྱད་ལྡན་ཟས་རིགས་ཚོང་ཁང་འཛུགས་མཁན་སྦྱིན་བདག་ཀྲོའུ་ལགས་ཀྱིས་ལོ་ཕྱེད་ཙམ་སོང་ཡང་ལས་བྲེལ་ཧ་ཅང་ཆེ་སྟབས་གྲོགས་པོ་དང་མཉམ་འཛོམས་བྱེད་པའི་དུས་ཚོད་མི་འདུག རང་ལྗོངས་ཀྱི་ཟོག་འགྲེམས་མ་ལག་སྐྲུན་མགྱོགས་སུ་ཕྱིན་པས་ན་ནིང་ནས་བཟུང་ངའི་དྲ་ཁང་གི་ཚོང་ཧ་ཅང་རྒྱུག་པོ་འདུག དེ་སྔོན་ཚོང་ཟོག་གཟའ་འཁོར་གཅིག་གམ་ཉིན་བཅུའི་ནང་འཛད་སྤྱོད་པའི་ལག་ཏུ་སྤྲོད་ཐུབ་ཀྱི་ཡོད། ད་ལྟ་ཉིན་གསུམ་བཞིའི་ནང་སླེབས་ཀྱི་ཡོད་ཅེས་བརྗོད་པ་དང་། ཕྱི་དྲོ་སླེབས་རིམ་བཞིན་ཚོང་ཟོག་བསྐུར་རྒྱུར་བྲེལ་བ་དང་། ལས་མི་མ་འདང་སྟབས་ལས་མི་གསར་པ་གཉིས་གླ་དགོས་བྱུང་”

    འཛད་སྤྱོད་པའི་དགོས་མཁོ་སྣ་ཚོགས་སྐོང་ཆེད་རང་ལྗོངས་ཀྱིས་དེང་རབས་འཁོར་རྒྱུག་ཐབས་ལམ་གསར་གཏོད་ཤུགས་ཆེན་བྱས་ཏེ་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། དངོས་ཟོག་འཁོར་རྒྱུག་མ་ལག་སྐྲུན་མགྱོགས་སུ་གཏོང་བ། བྲིན་ཚོང་བྱེད་སྒོ་རབ་དང་རིམ་པ་ཤུགས་ཆེན་སྤེལ་བ་བཅས་བྱས་ཏེ་ནང་ནས་ཕྱིའི་བར་རང་ལྗོངས་ཀྱི་འཛད་སྤྱོད་ཁྲོམ་ར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ལྗོངས་བསྡོམས་རྩིས་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2016ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་ལྗོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་ཚོང་དངུལ་གྲངས་བསྡོམས་འབོར་སྒོར་དུང་ཕྱུར་172.96ཟིན་ཏེ་རིམ་རྩིས་ལྟར་ན་དུས་མཚུངས་ལས་12.4%འཕར་ནས་ལོ་འཁོར་མོའི་དམིགས་ཚད་ཀྱི་37.7%ལེགས་གྲུབ་བྱུང་ཡོད། (པར་ངོས་གསུམ་པར་གཟིགས)

    (པར་ངོས་དང་པོར་མཐུད) ཚོང་ཟོག་སིལ་ཚོང་གི་དངུལ་གྲངས་འཕར་ཚད་འགོར་དུ་ཕྱིན་ནས་འཕར་ཚད་10.5%ལས་ཟིན་མེད་པ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་དངུལ་གྲངས་བསྡོམས་འབོར་འཕར་ཚད་ལས་བརྒྱ་ཆའི་གྲངས་1.9ཆག་ཡོད། བཟའ་བཏུང་གི་ཡོང་འབབ་འཕར་ཚད་སྔར་བཞིན་མཐོ་རུ་ཕྱིན་ནས་འཕར་ཚད་21.9%མཐོ་རུ་ཕྱིན་ཡོད་པ་རེད།

    ཚོང་དོན་འཁོར་རྒྱུག་གི་ཁོར་ཡུག་ལེགས་སུ་བཏང་ནས་གཉེར་སྐྱོང་གི་རྣམ་པ་ཡག་པོ་ཞིག་བཏོད་ཆེད། འདི་ལོའི་ལོ་འགོ་ཚུན་དུ་ལྗོངས་ཚོང་དོན་ཐིང་གི་གཙོ་གནད་ལས་ཀའི་གྲས་ཤིག་ནི་ཁྲོམ་རའི་སྒྲིག་ལམ་ལེགས་སྒྲིག་ཚད་ལྡན་དུ་གཏོང་བ་དང་། ཡིད་རྟོན་གཉེར་སྐྱོང་གི་ཁོར་ཡུག་ཡག་པོ་སྐྲུན་པ། སྲིད་གཞུང་གཞུང་དོན་ཐིང་ལ་གཞོགས་འདེགས་བྱས་ཏེ་རྒྱལ་ཡོངས་ཀྱི་རྫུས་མར་རྡུང་རྡེག་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོག་རྒྱུར་བཀོད་སྒྲིག་བཅས་བྱེད་པ་དང་། རྒྱལ་ཡོངས་ཀྱི་ཐེངས་དང་པོའི་རྫུས་མར་རྡུང་རྡེག་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་རང་ལྗོངས་ཀྱི་རྫོང་ཁག་ཏུ་ཁྱབ་པ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ཤ་ཚལ་འཁོར་རྒྱུག་ཁུངས་འདེད་ཚོད་ལྟའི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ཏེ་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ཚོང་དོན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱ་རྒྱུ་དེ་ཡིན་པ་རེད། དུས་མཚུངས་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཚོང་དོན་ཅུས་ཀྱིས“12312”ཐེར་འདོན་གོང་ཞུའི་བསྡོམས་རྩིས་ལས་དོན་ཡག་པོ་བསྒྲུབས་དགོས་པའི་བླང་བྱ་བཏོན་པ་དང་། བཟའ་བཅའི་བདེ་འཇགས་དང་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

    སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་འགོ་ཚུགས་པར་ད་དུང་ཉིན་45ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།