དབུ་ཤོག>གསར་འགྱུར།
  • ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་མཚོ་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-27

    ཟླ་7ཚེས་23ནས་ཚེས་25ཉིན་བར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ཁག་བརྒྱད་པ་དང་མཚོ་སྐྱོར་ཁག་གསུམ་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་པེ་ཅིང་དུ་སློབ་འགོ་ཚུགས་པ་རེད།

    ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཏེང་ཧྲེང་མིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཡོངས་ལ་བོད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    ཏེང་ཧྲེང་མིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འཁེལ་གནང་བའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། ལས་དོན་ཁག་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་བྱས་ནས། སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་ཡོང་བ་བྱེད་དགོས། ཀྲུང་དབྱང་གི་རྒྱབ་སྐྱོར་སྲིད་ཇུས་དང་རོགས་སྐྱོར་བྱ་ཡུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་པོས་འཚོལ་ཞིབ་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་འདི་དཔལ་འབྱོར་ལེགས་ཆར་སྒྱུར་རྒྱུར་སྐུལ་འདེད་བཏང་ནས། ས་གནས་དེ་གའི་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་ཟབ་མི་ཆད་པར་ཆེ་རུ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་དང་དམངས་འཚོ་ལེགས་གཏོང་ཧུར་ཐག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས། བོད་སྐྱོར་མཚོ་སྐྱོར་ལས་སྟེགས་འདིར་གཅེས་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་འགོ་ཁྲིད་ནས་སློབ་སྦྱོང་དང་གོ་བ་བླངས་ཤིང་། ཏང་གི་ཆབ་སྲིད་ཀྱི་མངགས་བཅོལ་སེམས་ནང་བརྟན་པོར་འཇོག་པ་དང་བོད་སྐྱོར་མཚོ་སྐྱོར་གྱི་འགན་འཁྲི་སེམས་ནང་བརྟན་པོར་བཞག་ཏེ། དཀའ་སྡུག་དང་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་འཚར་ལོངས་ཡོང་བ་བྱས་ནས། བོད་སྐྱོར་མཚོ་སྐྱོར་གྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་གཟུགས་བརྙན་བཟང་པོ་རང་འགུལ་ངང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེང་ཆོན་གོའི་བཀའ་མངགས་ལྟར་དུས་ཡུན་རིང་པོའི་ནང་བོད་ལ་དོ་ཁུར་ཆེན་པོ་དང་། མཛུབ་ཁྲིད་དང་རོགས་རམ་གལ་ཆེན་གནང་མཁན་ཀྲུང་དབྱང་པུའུ་ཨུད་ཁག་དང་ཀྲུང་དབྱང་ཁེ་ལས་ལ་ཙེང་ཨན་མིང་གིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་བོད་སྐྱོར་ཁག་བརྒྱད་པའི་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་གུས་འདུད་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་དང་རྩ་དོན་གལ་ཆེན་དང་། ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་ཁྲིད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་ནས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལས་ཀའི་གཞི་ཚུགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་བོད་ལ་སྔ་ཙམ་རྒྱུས་མངའ་ལོན་པ་དང་། བོད་དང་སྔ་ཙམ་འབྲེལ་འདྲེས་ཐུབ་པ། བོད་ལ་བྱས་རྗེས་སྔ་ཙམ་འཇོག་པ་དང་ཆབས་ཅིག་ཆབ་སྲིད་བྱང་ཆུབ་པ་དང་། འཇོན་ཐང་ཆེ་བ། ལས་ཀར་གྲུབ་འབྲས་ཐོན་པ། སྤྱོད་ཚུལ་གསར་པ་མངོན་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།