དབུ་ཤོག>གསར་འགྱུར།
  • ལྷ་སའི་བཟོ་ལས་དཔལ་འབྱོར་གྱི་འཕར་ཚུལ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-27

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ལྷ་སའི་བཟོ་ལས་དཔལ་འབྱོར་གྱི་འཕར་ཚུལ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་རེད།

    ལོ་སྟོད་དུ་སྔོན་དཔག་བྱས་ན། ལྷ་ས་གྲོང་ཁྱེར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་20.2ཟིན་པ་དེ་དུས་མཚུངས་ལས་13%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་སྒོར་དུང་ཕྱུར་17.7ཟིན་པ་དེ་དུས་མཚུངས་ལས་9%འཕར་བ་རེད། ཟླ་དང་པོ་ནས་ལྔ་པའི་བར། ལྷ་ས་གྲོང་ཁྱེར་གྱི་བཟོ་ལས་ཁེ་ལས་367ཟིན་པ་དང་གཞི་ཁྱོན་ཡན་གྱི་ཁེ་ལས་67ཟིན་ཞིང་། ལྷ་ས་གྲོང་ཁྱེར་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་35.53ཟིན་པ་དང་རིན་ཐང་འཕར་མ་སྒོར་དུང་ཕྱུར་15.73ཟིན་པ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་32.53ཟིན་པ་དང་། རིན་ཐང་འཕར་མ་སྒོར་དུང་ཕྱུར་13.75ཟིན་ནས་དུས་མཚུངས་ལས་9.6%འཕར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།