དབུ་ཤོག
  • འཇིགས་སྣང་སྐྱེ་དགོས་པའི་ཐ་མག་གི་གནོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-26

    ཐ་མག་འཐེན་ན་གློ་བ་དང་།  སྙིང་ཁམས་ཁྲག་རྩ།  ཕོ་བ་དང་རྒྱུ་ལམ་བཅས་ཀྱི་ནད་གཞི་སློང་བ།  དཔེར་ན།  གློ་ཡུའི་གཉན་ཚད་དང་།  དབུགས་འཚང་བ།  གློ་བ་རླུང་སྐྲང་།  ཁྲག་ཤེད་མཐོ་བ།  སྙིང་ནད།  ཕོ་བ་སྨུག་པོ་བཅས་དང་།  ད་དུང་སྐྲན་ནད་དང་གཅིན་པ་མངར་འགྱུར་གྱི་ནད།  རྒན་རྒོན་གྱི་གླེན་ནད་སོགས་ལྕི་རུ་འགྲོ་ཡི་ཡོད། བུད་མེད་ཀྱིས་ཐ་མག་འཐེན་ན་མི་ཐོག་རྗེས་མར་གནོད་དེ་སྐྱེས་མ་ཐག་པའི་ཕྲུ་གུའི་ལྗིད་ཚད་དམའ་བ་དང་།  ལུས་སྟོབས་ཞན་པ།  ནད་གཞི་ཕོག་སླ་བ།  རིག་སྟོབས་ལའང་ཤུགས་རྐྱེན་ཕོག་པ་བཅས་ཡོང་གི་ཡོད་པ་རེད།  

    གཞན་དབང་གིས་ཐ་མག་འཐེན་པར“ཐ་མག་ཐེངས་གཉིས་པ་འཐེན་པར”ཟེར་ཞིང་།  གཞན་དབང་གིས་ཐ་མག་འཐེན་པ་དེས་སྙིང་ཁམས་ཁྲག་རྩར་གནོད་སྐྱོན་ཕོག་པ་དེ་ཐ་མག་འཐེན་མཁན་ལས་ལྕི་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།