དབུ་ཤོག>གསར་འགྱུར།
  • རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱིས་རེས་སྐོར་གསར་པའི་ཁ་གཏད་བོད་སྐྱོར་ལས་འགན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-26

     རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་དང་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་ལས་དོན་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་གྱི་དམངས་སྲིད་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་དོན་ཕྱོགས་སྡོམ་བྱས་པ་དང་འབྲེལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་གཞིར་བཟུང་རེས་སྐོར་གསར་པའི་ཁ་གཏད་བོད་སྐྱོར་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད། ཚོགས་འདུའི་ཐོག་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། དམངས་སྲིད་པུའུ་བཅས་ཀྱི་ཐད་གཏོགས་ལས་ཁུངས་ཀྱི་འཐུས་མི་དང་རོགས་སྐྱོར་དང་ལེན་ལས་ཁུངས་ཀྱིས་ཁ་གཏད་བོད་སྐྱོར་གྲོས་མཐུན་ཡི་གེའི་ཐོག་མིང་རྟགས་བཀོད་པ་དང་འབྲེལ་དམངས་སྲིད་པུས་སྒྲིག་འཛུགས་བྱས་ནས་སྤེལ་བའི“ས་མཐོ་འདི་ཉིད་བྱམས་ཀྱིས་སྐྱོང་། བོད་ལྗོངས་ལ་ནི་བརྩེ་ཆེན་འཆང་ཞེས་པའི་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི་བོད་ལྗོངས་ལོའི་བྱེད་སྒོ”སྤེལ་འགོ་ཡང་ཚུགས་ཤིང་། རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་16གིས་ཁྱོན་སྒོར་དུང་ཕྱུར་1.62རི་བའི་བོད་སྐྱོར་མ་དངུལ་དང་དངོས་ཟོག་སྤྲད་པ་རེད།

    དམངས་སྲིད་པུའི་པུའུ་ཀྲང་ལི་ལི་གོ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། ལོ་ལྔའི་རིང་དམངས་སྲིད་པུས་ཀྲུང་དབྱང་ནོར་སྲིད་ལ་མཐུན་སྦྱོར་གྱིས་དམངས་འཚོ་འགན་ལེན་རིགས་ཀྱི་མ་དངུལ་སྒོར་དུང་ཕྱུར་59བཀོད་སྒྲིག་བྱས་ཏེ་བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། གྲོང་གསེབ་ཀྱི་འགན་ལེན་ལྔ། གཟིགས་སྐྱོང་འགན་ལེན། གནོད་འཚེ་ཉུང་གཏོང་དང་གེགས་སེལ། སྨན་བཅོས་རོགས་སྐྱོབ་སོགས་གཞི་རྩའི་དམངས་འཚོ་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། དེ་མིན་དམངས་སྲིད་པུའུ་ལ་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཀྲུང་དབྱང་གིས་གཅིག་ཏུ་བསྡུས་པའི་རྒྱན་ཤོག་སྤྱི་ཕན་དངུལ་སྒོར་དུང་ཕྱུར་20དང་པུའུ་རིམ་པའི་རྒྱན་ཤོག་སྤྱི་ཕན་དངུལ་སྒོར་དུང་ཕྱུར་3.4ཁག་བགོས་བཀོད་སྒྲིག་བྱས་པ་དག་བོད་ཀྱི་དམངས་སྲིད་སྤྱི་པའི་ཞབས་ཞུ་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་སུ་བཀར་ནས་སྤྱད་པ། གཞན་ཡང་དམངས་སྲིད་པུས་ད་དུང་བོད་ཀྱི་རང་སྐྱོང་ལྗོངས་དང་། ས་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་རོགས་སྐྱོབ་བྱ་རྒྱུའི་རེ་འདུན་ཞུ་མཁན་གྲོང་མིའི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ལམ་སྲོལ་དང་ལས་དོན་ལམ་སྲོལ་ཕྱོགས་ཡོངས་ནས་བཟོ་རྒྱུར་རྒྱབ་སྐྱོར་བྱས་པ་དང་དེ་བཞིན་བོད་ཀྱི་གེགས་བར་བྱུང་མང་བ་དང་གེགས་བར་བྱུང་སླ་བའི་རྫོང་72ཚང་མར་དམངས་སྲིད་གེགས་སེལ་བབ་བསྟུན་ཆེད་སྤྱོད་རླངས་འཁོར་ཡང་སྤྲད་ཡོད་པ་རེད།

    མིག་སྔར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་མི་རེར་ཟླ་རེར་སྒོར་640དང་མི་རེར་ལོ་རེར་སྒོར་2550སོ་སོར་ཟིན་པ་དེ་2010ལོ་དང་བསྡུར་ན་109%དང་231%སོ་སོར་འཕར་མོད། འོན་ཏེ་རང་བྱུང་དང་ལོ་རྒྱུས་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་བོད་དང་སི་ཁྲོན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སྔར་བཞིན་དམའ་ཙམ་ཡོད། དེས་ན་ཚོགས་འདུའི་ཐོག་རེས་སྐོར་གསར་པའི་དམངས་སྲིད་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དང་། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱ་རྒྱུ། དམངས་སྲིད་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་གཙོ་གནད་དུ་བཟུང་སྟེ་སྲིད་ཇུས་དང་། མ་དངུལ། རྣམ་གྲངས། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ཐོག་ནས་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། བོད་དང་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ལ་གཞི་རྩའི་དམངས་འཚོ་འགན་ལེན་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རོགས་བྱ་རྒྱུ་དང་འབྲེལ་རྒྱབ་སྐྱོར་བྱེད་དགོས་པའི་ཁྲིད་སྟོན་ཡང་བྱ་རྒྱུ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། དམངས་སྲིད་ཞབས་ཞུ་དོ་དམ་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་གཏན་འཁེལ་བྱས་ཡོད་པ་མ་ཟད། ད་དུང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁ་གཏད་བོད་སྐྱོར་ལས་དོན་ནང་ཞུགས་རྒྱུའི་སྐུལ་སློང་གང་ལེགས་ཀྱང་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།