དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-26

    གཅིག  གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་7ཚེས་25ཉིན་ནས་ཟླ་7ཚེས་31ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། ལྷོ་ཁ་དང་། ཆབ་མདོ། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་ཆ་ཤས་སུ་ཆར་པ་འབྲིང་བ་འབབ་རྒྱུ། གཟའ་ལྷག་པ་ནས་པ་སངས་བར། གཞིས་རྩེ་དང་། ནག་ཆུའི་དབུས་ནུབ་རྒྱུད། མངའ་རིས་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་ཆ་ཤས་སུ་ཆར་པ་འབྲིང་བ་འབབ་རྒྱུ། གཟའ་མཇུག་ཉིན་གཉིས་ནང་། མངའ་རིས་ས་ཁུལ་གྱི་ལྷོ་རྒྱུད་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་འབྲུག་ཆར་འབབ་རྒྱུ།

    གཉིས།  གྲོས་འགོ

    རང་ལྗོངས་ཀྱི་དབུས་རྒྱུད་དང་ལྷོ་རྒྱུད་དུ་སྔར་བཞིན་ཆར་པ་རྒྱུན་མཐུད་འབབ་རྒྱུ་ཡིན་པས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ་དང་། གཤོངས་ས་དང་ཆུས་བསྣུབས་སླ་བའི་ས་ཁུལ་གྱི་ཞིང་ནང་དུ་ཆུ་ལོག་འགོག་པ་དང་འཁྱིལ་ཆུ་བཤངས་འབུད་ལས་དོན་ཡག་པོ་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།