སྤུས་ཀ་ལེགས་པའི་བ་ལན་སྟོད་ཐུང་གི་བལ་སྐུད་མི་ཆད་པ་དང་། ཚོས་མདོག་བཀྲ་ལ་ཚོས་གཞི་སྙོམས་པ་ཞིག་དགོས། འདེམས་སྐབས་ལག་པས་བ་ལན་སྟོད་ཐུང་ཁ་ཕྱེ་ནས་བལ་སྐུད་སྙོམས་པ་དང་འཇམ་ཤས་ཆེ་བ། ནར་ཤུགས་ངེས་ཅན་ལྡན་པ་དེ་བདམས་ན་ལེགས་པ་མ་ཟད་ཆུང་དྲགས་རྒྱུ་མེད། སྤྱིར་བཏང་བྱས་ན་རང་གིས་གྱོན་པའི་སྲིང་སྐུད་སྟོད་ཐུང་ལས་རིང་ཐུང་ལི་སྨི་5-10བར་གྱི་ཆེ་བ་བདམས་ན་འཚམ། བལ་གྱིས་བསླས་པའི་སྟོད་ཐུང་གི་སྣ་ཁ་ཧ་ཅང་མང་པོ་ཡོད་ལ་སྤུས་ཚད་ཀྱི་ཁྱད་པར་ཡང་ཆེན་པོ་ཡོད་པ་དཔེར་ན། ཁུ་ལུའི་སྟོད་ཐུང་ཕུ་མེད(ལུ་གུའི་བལ་གྱི་སྟོད་ཐུང)འཇམ་ཤ་དོད་ལ་ཚོས་མདོག་ཕུན་སུམ་ཚོགས་པོ་ཡོད་ཀྱང་འབུ་རྒྱག་ལས་སླ་པོ་ཡོད། རའི་ཁུ་ལུའི་སྟོད་ཐུང་། དྲོད་སྲུང་རང་བཞིན་ཡག་པོ་ཡོད་པས་སྤུས་ལེགས་ཀྱི་བ་ལན་སྟོད་ཐུང་ཡིན་ལ་རིན་གོང་མཐོ་བ་དང་། འབུ་རྒྱག་སླ་བ། འཁྲུ་སླ་པོ་མེད། ལུག་གི་བལ་གྱི་སྟོད་ཐུང་། ལག་པས་རེག་ན་འཇམ་ཤས་ཆེ་བ་དང་དྲོད་སྲུང་རང་བཞིན་ལེགས་པོ་ཡོད་ཀྱང་བལ་སྤུ་འབུད་སླ་བ། ལྷད་མེད་བལ་དང་བལ་སོབ་སོབ་ཀྱི་སྟོད་ཐུང་། སྤུ་མདོག་མཚར་སྡུག་ལྡན་པ་དང་། འབུ་རྒྱག་དཀའ་བ། བཀྲུས་ཀྱང་མ་འཁུམ་པ། རིན་གོང་དམའ་བ་བཅས་ཡོད།