དབུ་ཤོག>གསར་འགྱུར།
  • རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་སྒྲིག་འཛུགས་ཀྱི་བོད་སྐྱོར་ལོའི་བྱེད་སྒོ་སྤྱི་ཚེས་22ཉིན་ལྷ་སར་འགོ་ཚུགས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-07-25

    རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་སྒྲིག་འཛུགས་ཀྱི་བོད་སྐྱོར་ལོའི་བྱེད་སྒོ་སྤྱི་ཟླ་7པའི་ཚེས་22ཉིན་ལྷ་སར་འགོ་ཚུགས་པ་དང་དེ་ནི་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་སྒྲིག་འཛུགས་ཀྱི་ཚོགས་པའི་རྣམ་པའི་ཐོག་ནས་བོད་སྐྱོར་བྱེད་ཐེངས་དང་པོ་དེ་རེད།  རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་སྒྲིག་འཛུགས་16གིས་བོད་དུ་སྒོར་དུང་ཕྱུར་1དང་བྱེ་བ་6ས་ཡ་2ཟིན་པའི་དམངས་སྲིད་ཁྱབ་ཁོངས་ནང་ཁ་གཏད་རོགས་བོད་སྐྱོར་རྣམ་གྲངས་ལག་བསྟར་བྱེད་རྒྱུ་རེད།

    ཐེངས་འདིའི་ཞལ་འདེབས་རྒྱག་པའི་ནང་ཞུགས་མཁན་སྤྱི་ཚོགས་སྒྲིག་འཛུགས་16གིས་བོད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དགོས་མཁོར་དམིགས་སུ་བཀར་ནས།  བོད་དུ་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པའི་སྤྱི་ཕན་རྣམ་་གྲངས་ལག་བསྟར་བྱེད་རྒྱུ་རེད།  པེ་ཅིང་མཚོ་རྒོད་སྒལ་རུས་བདེ་ཐང་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་པེ་ཅིན་གྱི་རུས་ཚིགས་ཕྱི་ནད་ཚན་ཁག་གི་གསོ་རིག་རིགས་གཅིག་མཁས་པའི་ཚོགས་པར་བརྟེན་ནས་བོད་ཀྱི་དབུལ་ཕོངས་སྒལ་རུས་ནད་གཞི་ཕོག་མཁན་ལ་རིན་མེད་ཀྱིས་གཤགས་བཅོས་བྱེད་རྒྱུ་མ་ཟད་དབུལ་ཕོངས་རྫོང་དང་ཤང་གི་དྭ་ཕྲུག་ཁང་དང་ཕན་བདེ་ཁང་ལ་དྲག་སྐྱེས་འཕྲུལ་ཆས་ཞལ་འདེབས་སུ་འབུལ་རྒྱུ་དང་མཆུ་རལ་ནི་བོད་དུ་ཐོན་མང་བའི་ནད་གཞི་ཞིག་ཡིན་པ་དང་སྨན་བཅོས་འགྲོ་གྲོན་མཐོ་པོ་གཏོང་རྒྱུ་དེ་དབུལ་ཕོངས་ཁྱིམ་ཚང་ངོས་ནས་བཤད་ན་ཁུར་པོ་ལྗིད་པོ་ཞིག་ཡིན།  ཀྲུང་ཧྭ་ལོ་ཆུང་བྱིས་པའི་དགེ་སྒྲུབ་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ད་ཐེངས་སྒོར་8འབུམ་5ཁྲི་ཞལ་འདེབས་བརྒྱབ་ནས་བྱིས་པ་ནད་པ་300ལ་སྨན་རིན་སྤྲོད་མི་དགོས་པའི་གཤགས་བཅོས་བྱེད་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།