དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཞིང་འབྲོག་པར་ཕྱུག་འགྱུར་ཐབས་ལམ་གསར་པ་རྙེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-25

    དཔལ་འབྱོར་འཕེལ་རྒྱས་དང་སྒྱུར་བཅོས་གཏིང་ཟབ་ཏུ་འགྲོ་བ་དང་སྦྲགས། བོད་ཀྱི་སྲོལ་རྒྱུན་ཞིང་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྲན་སློང་དྲག་པོ་ཕྲད་ཅིང་། ཐོན་སྐྱེད་ཆུང་ངུ་དང་ཁྲོམ་ར་ཆེ་མོའི་དབར་གྱི་འགལ་བ་མངོན་གསལ་དོད་པ་དང་། ཁྱིམ་དུད་ཀྱི་ཐོན་སྦྲེལ་འགན་གཙང་འགན་འཁྲིའི་ལམ་ལུགས་ཀྱི་རྣམ་པ་གཙོ་བོ་བྱས་པའི་ཐོན་སྐྱེད་བྱེད་སྟངས་ཀྱིས་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་ཀྱི་མེད། རྒྱབ་ལྗོངས་དེ་ལྟ་བུའི་འོག་ཞིང་འབྲོག་པའི་ཕྱུག་འགྱུར་དཀའ་གནད་སེལ་བ་དང་ཞིང་དུད་ཀྱི་འཕེལ་རྒྱས་ཉེན་ཁ་ཆུང་དུ་གཏོང་ཆེད། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སྐབས་བསྟུན་དུས་ཐོག་ཏུ་ཐོན་པ་རེད།

    ཨ་སྐྱིད་གླིང་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང(གཤམ་དུ“ཨ་སྐྱིད་གླིང་མཉམ་ལས་ཁང”ཞེས་མིང་བསྡུ་རྒྱུ)ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གསལ་རྟེན་གྲོང་ཚོར་གནས་པ་དང་། ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་ནས་བཙུགས་པའི་མཉམ་ལས་ཁང་དེར་ད་ཆ་ལག་ཤེས་བཟོ་རྩལ་ཁང་དང་། བྲིན་ཚོང་ཁང་། གསོ་ཚགས་རྟེན་གཞི་སོགས་ཡོད་པ་དང་། 2015ལོའི་ཚོང་གཉེར་གྱི་ཡོང་འབབ་མི་དམངས་ཤོག་སྒོར་ཁྲི་400ལྷག་ཙམ་ཟིན་གྱི་ཡོད།  

    ད་ལོ་ལོ་བཞི་བཅུ་ལ་སླེབས་པའི་བཅོ་ལྔ་ནི་མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཡིན་ལ། ཁང་འཛུགས་མཁན་ཡང་ཡིན་པས། མཉམ་ལས་ཁང་གི་བཟོ་པ་ཚོས་ཁོང་ལ“ཨ་སྐྱིད”ཅེས་འབོད་ཀྱི་ཡོད། མཉམ་ལས་ཁང་མ་བཙུགས་གོང་བཅོ་ལྔ་ཉིང་ཁྲི་གྲོང་ཁྱེར་དུ་ཡུལ་སྐོར་གྱི་འབྲེལ་ཡོད་ལས་ཀ་བྱེད་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ་བཅོ་ལྔ་གྲོགས་མོ་དང་མཉམ་དུ་གསལ་རྟེན་གྲོང་ཚོར་ཡུལ་སྐོར་དུ་སྐྱོད་སྐབས། གྲོང་ཚོ་དེའི་ཞིང་ལས་ཐོན་རྫས་མང་བ་དང་། གསོ་ཚགས་རྟེན་གཞི་ལེགས་པ། ནགས་ལས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ནའང་། ཞིང་ལས་ཐོན་རྫས་ཀྱི་བྲིན་ཚོང་ཐབས་ལམ་ཁ་ཐོར་དང་ཚད་ལྡན་མེད་པས། ཞིང་དུད་ལ་ཡོང་འབབ་མང་པོ་མེད་པ་ཤེས།

    ཐོན་ཁུངས་དེ་དག་འཕྲོ་བརླག་གཏོང་བ་མཐོང་སྐབས། བཅོ་ལྔར་མཉམ་ལས་ཁང་འཛུགས་རྒྱུའི་བསམ་བློ་འཁོར། ཁོ་མོས་ཆེད་ལས་མཉམ་ལས་རྩ་འཛུགས་བརྒྱུད་ཁ་ཐོར་བའི་ཞིང་འབྲོག་པ་སྒྲིག་འཛུགས་དང་ཁ་ཐོར་བའི་ཐོན་སྐྱེད་རྒྱུ་ཆ་གཅིག་སྡུད་བྱས་ཁར། ཚབ་ཉོ་ཚབ་ཚོང་དང་མཉམ་གཉེར་མཉམ་ཚོང་སོགས་ཀྱི་བྱེད་སྟངས་བརྒྱུད། ཞིང་འབྲོག་ཐོན་རྫས་ཁ་ཐོར་མཁོ་སྤྲོད་དང་ཁྲོམ་རའི་གཅིག་སྡུད་དགོས་མཁོའི་འགལ་བ་ཞི་ལྷོད་དུ་བཏང་ཡོད།

    2011ལོར། ཨ་སྐྱིད་གླིང་མཉམ་ལས་ཁང་བཙུགས་པས། རང་ཉིད་དང་གྲོང་མི་ཚོའི་ཞིང་ལས་ཐོན་རྫས་བྲིན་ཚོང་བྱེད་པའི་ཐད་ཀྱི་སེམས་ཁྲལ་བསལ་བ་རེད།

    འཕེལ་རྒྱས་གཞི་ཁྱོན་རྒྱ་ཆེར་གཏོང་ཆེད། 2015ལོར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས། ཨ་སྐྱིད་གླིང་མཉམ་ལས་ཁང་ལ་མ་དངུལ་སྒོར་ཁྲི་300བཏང་ནས། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་རེད། དུས་མཚུངས་བྲག་ཡིབ་ཆུས་བཟོ་ཚོང་སྡེ་ཚན་གྱིས་ད་དུང་མཉམ་ལས་ཁང་གི་འགན་འཁུར་མི་སྣ་གཙོ་བོ་སྒྲིག་འཛུགས་བྱས་ཏེ། ཅང་སུའུ་དང་ཧྲང་ཧའེ་སོགས་མཚོ་རྒྱུད་ཀྱི་འཕེལ་རྒྱས་ས་ཁུལ་གྱི་མཉམ་ལས་ཁང་གི་གཉེར་སྐྱོང་དོ་དམ་བྱེད་སྟངས་ལ་སློབ་སྦྱོང་དང་ལྟ་སྐོར་བྱེད་པར་བཏང་བ་རེད།

    ད་ཆ། ཨ་སྐྱིད་གླིང་མཉམ་ལས་ཁང་དེ་ཟ་ཁང་དང་། མགྲོན་ཁང་། ཡུལ་སྐོར། ཉོ་སྒྲུབ་བཅས་གཅིག་ཏུ་བསྡུས་པའི་གྲོང་གསེབ་ཀྱི་མཉམ་ལས་ཁང་ཞིག་ཏུ་གྱུར་ཡོད།

    བཅོ་ལྔས“མཉམ་ལས་ཁང་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མཉམ་སྤྱོད་བྱེད་པའི་བྱེད་ཐབས་ཡག་ཤོས་ཤིག་རེད”ཅེས་དང་། བོད་ལྗོངས་ལྷོ་ཁ་ཡར་འབྲོག་འབྲོག་པའི་ཚེམ་བཟོའི་ཆེད་ལས་མཉམ་ལས་ཁང་གི་རིག་འཛིན་གྱི་མཉམ་ལས་ཁང་གི་ཚེམ་ཁང་ལྷོ་ཁར་སྐད་གྲགས་ཅུང་ཆེན་པོ་ཡོད། ལག་ཤེས་ཐོན་རྫས་སྤུས་ཀ་དག་ལ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་འདུག “ལྷོ་ཁའི་ཚེམ་བཟོའི་ལག་རྩལ་རྩེ་གྲ་ཉིང་ཁྲིར་ནང་འདྲེན་བྱས་ཏེ། ས་གནས་དེ་གའི་ཚེམ་བུ་བ་ཁག་གཅིག་གསོ་སྐྱོང་བྱས་ཚེ། མཉམ་ལས་ཁང་གི་ཐོན་རྫས་སྣ་མང་ཅན་དུ་འགྱུར་རྒྱུ་མ་ཟད། མཉམ་ལས་ཁང་དབར་གཉིས་ཁེ་གཉིས་ཕན་ཡོང་ཐུབ”ཅེས་ངོ་སྤྲོད་བྱས།

    མིག་སྔར། གསལ་རྟེན་གྲོང་ཚོའི་ཞིང་དུད་ཚང་མ་ཨ་སྐྱིད་གླིང་མཉམ་ལས་ཁང་ནང་ཞུགས་ཡོད། གྲོང་མིས་མཉམ་ལས་ཁང་ལ་བོད་བྱ་སོགས་ཡུལ་ཟོག་འཚོང་བ་དང་། མཉམ་ལས་ཁང་དུ་ལས་ཀ་བྱེད་པ། མ་རྐང་བཞག་ནས་ཡོང་འབབ་བགོ་བ་སོགས་ཀྱི་བྱེད་ཐབས་གསུམ་བརྒྱུད་ཡོང་འབབ་མང་དུ་ཕྱིན་ནས། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཆིག་སྟོང་ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།