དབུ་ཤོག>གསར་འགྱུར།
  • “གཞན་བརྟེན་རྣམ་པ”ནས“རང་བརྟེན་རྣམ་པར”གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-23

    ཉེ་ཆར། བོད་ལྗོངས་སློབ་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པ་བོད་སྐྱོར་དུས་ཚོད་ཐིམས་ནས་བོད་ནས་ཁ་འབྲལ་གྲབས་ཡོད་པས། བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ཚོས་དགའ་སྐྱེལ་སྤྲོ་ཚོགས་ཤིག་འཚོགས་ཏེ་བོད་སྐྱོར་དགེ་རྒན་ཚོར་སྐྱེལ་མ་ཞུས་པ་རེད།

    “ལོ་3གོང་། ཁ་གཏད་རོགས་སྐྱོར་མཐོ་སློབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་སྐྱོར་ལས་བྱེད་པ་33བོད་ལྗོངས་སློབ་ཆེན་དུ་ཡོང་བ་རེད། དགེ་སློབ་ཁྲི་3ཙམ་གྱི་མཉམ་དུ་འབད་བརྩོན་བྱས་སྟབས། སློབ་གྲྭའི་སློབ་གསོ་སློབ་ཁྲིད་སྤུས་ཚད་དང་། ཚན་ཞིབ་ཞབས་འདེགས་ཞུ་ནུས། དོ་དམ་ཆུ་ཚད་སོགས་མངོན་གསལ་དོད་པོས་ཡག་ཏུ་དང་མཐོ་རུ་ཕྱིན་ཡོད”ཅེས་བོད་ལྗོངས་སློབ་ཆེན་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝང་ལིས་ཕིང་གིས་བཤད།

    སི་ཁྲོན་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་ནས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་ལ་རོགས་སྐྱོར་དུ་ཡོང་བའི་པེ་མིང་ཅང་གིས“བོད་སྐྱོར་ནི་མི་གཅིག་ཁོ་ནས་བོད་སྐྱོར་བྱེད་པ་ཞིག་མིན་པའི”ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཁོང་གིས་ནང་སའི་སློབ་གསོའི་ཐོན་ཁུངས་ལེགས་པོར་བརྟེན་ནས་ལོ་གཉིས་བསྟུད་མར་སི་ཁྲོན་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོར་འབྲེལ་བ་བྱས་ཏེ་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སློབ་ཚན་འཁྲིད་པ་དང་འབྲེལ། བོད་ལྗོངས་སློབ་ཆེན་དང་སི་ཁྲོན་སློབ་ཆེན་དབར་གསོ་རིག་སློབ་གསོའི་ཐད་ཀྱི་མཉམ་ལས་དང་འབྲེལ་གཏུག་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།

    བོད་སྐྱོར་ལས་བྱེད་པ་ཁག་བདུན་པའི་འབྲེལ་གཏུག་སྣེ་ཁྲིད་འོག ཁ་གཏད་བོད་སྐྱོར་མཐོ་སློབ་ཀྱིས་ཁྱོན་བསྡོམས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་34ཟབ་སྦྱོང་དུ་བསྡུས་པ་དང་། སྔ་རྗེས་སུ་དགེ་རྒན་59བོད་ལྗོངས་སློབ་ཆེན་དུ་བཏང་སྟེ་འབྲེལ་ཡོད་ལས་དོན་སྤེལ་བ་དང་འབྲེལ་རྩིས་གཉེར་རིག་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། གྲོང་ཁྱེར་འཆར་འགོད་སོགས་ཆེད་ལས་ནང་བྱ་ཐབས་སྣ་མང་མཉམ་འབྲེལ་བྱས་ཏེ་དངོས་གཞིའི་སློབ་མ་དང་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱས་ནས་ཁ་གཏད་རོགས་སྐྱོར་གྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ“གཞན་བརྟེན་རྣམ་པ”ནས“རང་བརྟེན་རྣམ་པར”འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

    ལིའུ་ཁྲང་ཅུན་གྱིས་ཝུའུ་ཧན་སློབ་ཆེན་ནས་འོངས་ཏེ་བོད་ལྗོངས་སློབ་ཆེན་དུ་རང་བྱུང་ཚན་རིག་དང་ཚན་ཞིབ་དོ་དམ་ལས་དོན་གྱི་འགན་ཁུར་ཚུན། ཚན་ཞིབ་ལས་དོན་པར་རྣམ་གྲངས་རེ་ཞུ་དང་ཚན་ཞིབ་ཚོགས་པ་སྒྲིག་འཛུགས་སོགས་ལ་མཛུབ་ཁྲིད་བྱས་པ་རེད། ལོ་གསུམ་རིང་། བོད་ལྗོངས་སློབ་ཆེན་རང་བྱུང་ཚན་རིག་རིགས་ཀྱི་ཚན་ཞིབ་རྣམ་གྲངས་ཀྱི་སྤུས་ཚད་དང་། གྲངས་འབོར། དོ་དམ་ཆུ་ཚད་བཅས་མངོན་གསལ་དོད་པོས་ཡག་ཏུ་དང་མཐོ་རུ་ཕྱིན་པ་མ་ཟད། རྒྱལ་ཁབ་རིམ་པའི་གཙོ་གནད་རྣམ་གྲངས་གཉིས་ཀྱང་རག་ཡོད་པ་རེད།

    དགའ་སྐྱེལ་སྤྲོ་ཚོགས་ཐོག བོད་ལྗོངས་སློབ་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་བདུན་པས“རྒྱུགས་ལན”ཡག་པོ་ཞིག་ཕུལ་བར་བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་ཚོའི་དགའ་བསུ་ཐོབ་པ་རེད། བོད་སྐྱོར་དགེ་རྒན་དང་དེ་སྔའི་ལས་རོགས་ཡིན་ནའང་འདྲ་ཡང་ན་སློབ་ལ་བརྩོན་པའི་སློབ་མ་ཡིན་ཡང་རུང་ཚང་མས་དུས་ཚོད་ནི་དེ་འདྲའི་འགྲོ་མགྱོགས་པ་ལ་ཨང་། ཁ་སང་རང་ང་ཚོ་མཉམ་དུ་བགྲོ་གླེང་བྱས་ནས་བསྡད་པ་ཡིན། དེ་རིང་ཁ་འབྲལ་བའི་དུས་སུ་སླེབས་སོང་ཞེས་ཕངས་སེམས་དང་བཅས་བརྗོད།

    “མ་འོངས་ལ་རྒྱང་ལྟ་བྱེད་སྐབས། བོད་སྐྱོར་ལས་བྱེད་པ་ཁག་གསར་པའི་འབད་འཐབ་འོག་ང་ཚོའི་ལ་རྒྱའི་ས་བོན་ལ་མུ་མཐུད་མྱུ་གུ་འབུས་ངེས་རེད། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་མཐོ་རིམ་སློབ་གསོའི་འབྱུང་འགྱུར་དེ་བས་འོད་སྟོང་འབར་བ་དང་མཛེས་སྡུག་ལྡན་པ་ཡོང་ངེས་རེད”ཅེས་ལིའུ་ཁྲང་ཅུན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།