དབུ་ཤོག
  • དབུར་ཏི་སྤྱོད་སྐབས་ཤེས་དགོས་པ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-20

    ཐེར་མའི་གྱོན་ཆས་ལ་དབུར་ཏི་རྒྱག་སྐབས་ཅུང་གཟབ་གཟབ་མ་བྱས་ཚེ་ཆ་ཤས་འགའ་ཞིག་ལ་འོད་ཐོན་ནས་སྙིང་རྗེ་པོ་མེད། དེ་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི་གྱོན་ཆས་ལ་དབུར་ཏི་རྒྱག་སྐབས་གཤམ་འོག་ཏུ་བཏིང་བའི་རས་སྲབ་དྲགས་པའམ་ཡང་ན་སྲབ་མཐུག་མི་སྙོམས་པས་ཡིན།

    གཞན་ཡང་གྱོན་ཆས་དབུར་ཏི་རྒྱག་ས་ཁོད་མི་སྙོམས་པའམ་ཡང་ན་གྱོན་ཆས་ཀྱི་ཚེམ་བུ་མཐུག་དྲགས་པས་འབུར་དུ་ཐོན་པ་དེའི་ཐོག་དབུར་ཏི་རྒྱག་པའི་དུས་ཚོད་རིང་དྲགས་པའི་རྐྱེན་གྱིས་འདི་ལྟར་ཐོན་སྲིད། གལ་ཏེ་འོད་ཐོན་ཚེ་རས་བརློན་པ་ཞིག་གཡོགས་ནས་དབུར་ཏི་རགས་ཙམ་བརྒྱབ་ཚེ་མེད་པ་ཆགས་སྲིད་ལ། གལ་ཏེ་རས་བརློན་པའི་ཐོག་ཚུའུ་ཕྲན་བུ་སྟོར་རྗེས་དབུར་ཏི་བརྒྱབ་ནའང་ཡག་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།