དབུ་ཤོག>གསར་འགྱུར།
  • ལྷོ་རྒྱ་མཚོའི་གནད་དོན་གྱི་བགྲོ་གླེང་ཚོགས་འདུ་སིང་ཀ་ཕོར་འཚོགས་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-20

    ཤིན་ཧྭ་གསར་འགྱུར་ཁང་སིང་ཀ་ཕོར་ནས་ཟླ་7ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་སློབ་ཆེན་གསར་འགྱུར་སློབ་གླིང་གི་ཡོན་ཀྲང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་དེ་སྔའི་ཀྲུའུ་རེན་ཀྲའོ་ཆི་ཀྲེང་གིས་ཚེས་18ཉིན“ལྷོ་རྒྱ་མཚོའི་གནད་དོན་དང་ས་ཁོངས་མཉམ་ལས་འཕེལ་རྒྱས་ཀྱི་མཐོ་རིམ་རིག་མཛོད་རིག་ལམ་བགྲོ་གླེང་ཚོགས་འདུའི”འགོ་ཚུགས་མཛད་སྒོའི་ཐོག་གཙོ་དོན་གཏམ་བཤད་སྤེལ་སྐབས་ཞི་བའི་ངང་གྲོས་མོལ་བྱ་རྒྱུ་ནི་གཞི་ནས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ལྷོ་རྒྱ་མཚོའི་རྩོད་གཞི་ཐག་གཅོད་བྱེད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པས་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་སྐྱོན་བྲལ་འཕེལ་རྒྱས་འགྲོ་རྒྱུར་འགོག་རྐྱེན་བཟོ་མི་ཐུབ་ཅེས་བསྟན་གནང་ཡོད་པ་རེད།

    ཀྲའོ་ཆི་ཀྲེང་གིས་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞི་ནི་རྦད་དེ་བཅའ་ཁྲིམས་ཀྱི་ཕྱི་གོས་གཡོགས་པའི་སྙིང་པོ་མེད་པའི་ཟློས་གར་ཞིག་རེད། གོ་རིམ་དང་། བཅའ་ཁྲིམས་བེད་སྤྱོད། དཔང་རྟགས་བེད་སྤྱོད་སོགས་ཀྱི་གནད་དོན་མང་པོའི་ཐད་ནོར་འཁྲུལ་ཚབས་ཆེན་ཐོན་ཡོད་ཅིང་འདུམ་གཅོད་ཀྱི་རྒྱལ་ཁབ་མོས་མཐུན་གྱི་རྩ་དོན་ལས་འགལ་ཏེ་ཀྲུང་གོས་རྩོད་གཞི་ཐག་གཅོད་བྱ་ཐབས་རང་བརྟེན་བདམས་པའི་དབང་ཆར་བཙན་གནོད་བཏང་ཡོད་ལ་ཧྥི་ལི་ཕིན་དང་ཀྲུང་གོས་ཕྱོགས་གཉིས་པོས་ཡིག་ཆའི་ཐོག་ནས་བཞག་པའི་གྲོས་མཐུན་དང་དེ་བཞིན་ཁས་ལེན་ཡང་སེ་བྱས་པའི་གྲོས་མོལ་བརྒྱུད་ནས་རྩོད་གཞི་ཐག་གཅོད་བྱེད་པའི་གྲོས་མཐུན་ལས་འགལ་བ་དང་དེ་བཞིན《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》ནང་ཧྥི་ལི་ཕིན་གྱིས་གྲོས་མོལ་བརྒྱུད་ནས་འབྲེལ་ཡོད་རྩོད་གཞི་ཐག་གཅོད་བྱེད་པའི་ཁས་ལེན་བྱས་ལུགས་ལས་འགལ་ཡོད་ཅིང་ཚོད་འཛིན་བྱེད་ནུས་མེད་ཅེས་གསུངས་པ་རེད།

    ཁོང་གིས་ཧྥི་ལི་ཕིན་གྱི་རེ་ཞུ་ལྟར་བཙུགས་པའི་གནས་སྐབས་འདུམ་གཅོད་ཁྲིམས་རས་གྱོད་གཞི་འདིར་དོ་དམ་བྱེད་དབང་རྩ་བ་ནས་ལྡན་མེད་ལ་དབང་ཆ་རྒྱ་བསྐྱེད་དང་། དབང་ཚད་ལས་བརྒལ་བ། དབང་ཆ་གང་བྱུང་དུ་སྤྱོད་པ་བཅས་ཀྱི་བྱེད་སྤྱོད་ཚབས་ཆེན་ཡང་གནས་ཡོད། འདུམ་གཅོད་བྱས་འབྲས་ཟེར་བས་ལོ་རྒྱུས་ཀྱི་དོན་དངོས་ལ་མི་ལྟོས་པ་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས》ཀྱི་གཞི་རྩའི་དགོངས་དོན་དང་རྩ་དོན་ལས་ཚབས་ཆེན་འགལ་ཡོད། འདུམ་གཅོད་དེ་འདྲ་བ་ནི་གོ་མི་ཆོད་པ་སྨོས་མེད་རེད་ལ་ཚོད་འཛིན་གྱི་ནུས་པའང་གང་ཡང་ལྡན་མེད་ཅེས་གསུངས་པ་རེད།

    ཀྲའོ་ཆི་ཀྲེང་གིས་ཞི་བའི་ངང་གྲོས་མོལ་བྱ་རྒྱུ་ནི་གཞི་ནས་ཀྲུང་གོ་དང་ཧྥི་ལི་ཕིན་གྱི་ལྷོ་རྒྱ་མཚོའི་རྩོད་གཞི་ཐག་གཅོད་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན། ཀྲུང་གོས་ལྷོ་རྒྱ་མཚོའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི“བསམ་བློ་གཏོང་ཕྱོགས་གཉིས”མཐའ་འཁྱོངས་བྱ་རྒྱུ་སྟེ། ཞིབ་ཕྲའི་རྩོད་གཞི་དེ་དོ་བདག་རྒྱལ་ཁབ་ཀྱིས་གྲོས་མོལ་གྲོས་བསྡུར་བྱས་ནས་ཞི་བའི་ངང་ཐག་གཅོད་བྱེད་དགོས་པ་དང་། ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་དེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ་དེ་ཡིན་ཞེས་བསྟན་གནང་བ་རེད།

    ཀྲའོ་ཆི་ཀྲེང་གིས་འདུམ་གཅོད་བྱས་འབྲས་ཁྱབ་བསྒྲགས་བྱས་པ་ནས་བཟུང་ཧྥི་ལི་ཕིན་དམངས་ཚོགས་ཀྱིས་ཀྲུང་གོ་དང་གླེང་མོལ་བྱེད་པ་དང་དཔལ་འབྱོར་མཉམ་ལས་འཕེལ་རྒྱས་གཏོང་བའི་དོན་མཐུན་གྱི་ལྟ་བ་བཏོན་ཡོད་ལ་ཧྥི་ལི་ཕིན་གྱི་སྨྱན་སྦྱོར་ཚན་པས་ཀྱང་ཙུང་ཐུང་ཐེར་ཐེས་ཀྲུང་གོར་མི་སྣ་མངགས་ནས་འཚམས་འདྲི་བྱས་ཏེ་ཀྲུང་གོ་དང་མཉམ་དུ་ལྷོ་རྒྱ་མཚོའི་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་ཡིན་ལུགས་འགོད་སྤེལ་ཡང་བྱས་ཡོད། ཀྲུང་གོས་ཀྱང་གྲོས་མོལ་སྔ་ཙམ་སླར་གསོ་ཐུབ་རྒྱུའི་ཟོལ་མེད་རེ་བ་བཅངས་ནས་ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔ་ཙམ་རྒྱུན་གཏན་ཅན་དུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    ཀྲའོ་ཆི་ཀྲེང་གིས་འདི་ལོ་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་25འཁོར་བའི་ལོ་ཞིག་རེད། ཟླ་9པར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ལོ་སིའི་རྒྱལ་ས་ཝན་ཐེན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གླེང་མོལ་འབྲེལ་བ་བཙུགས་ནས་ལོ་25འཁོར་བའི་དྲན་གསོའི་དབུ་ཚོགས་འཚོག་རྒྱུ་རེད། ཀྲུང་གོས་གོ་སྐབས་དེ་དང་བསྟུན་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་འབྲེལ་བ་སྔར་བས་འཕེལ་རྒྱས་ཡག་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    དུས་ཡུན་ཉིན་གཅིག་གི“ལྷོ་རྒྱ་མཚོའི་གནད་དོན་དང་ས་ཁོངས་མཉམ་ལས་འཕེལ་རྒྱས་ཀྱི་མཐོ་རིམ་རིག་མཛོད་རིག་ལམ་བགྲོ་གླེང་ཚོགས་འདུ”དེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོའི་མཐའ་མཚམས་ཞིབ་འཇུག་སུའོ་ཡིས་གཙོ་གཉེར་བྱས་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།