དབུ་ཤོག>གསར་འགྱུར།
  • ཀྲུང་གོ་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་ཧུར་ཐག་ངང་རྒྱ་བསྐྱེད་བཏང་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-20

    ཤིན་ཧྭ་གསར་འགྱུར་ཁང་ལོན་ཏོན་ནས་ཟླ་7ཚེས་15ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་ཞིབ་སྤེལ་ཁྲོད་ཀྲུང་གོར་ཚད་བརྒལ་བར་མེད་བྱུང་བ་དང་སྦྲགས་ཀྲུང་གོའི་ཁེ་ལས་རྒྱལ་ཕྱིའི་ཁྲོམ་རར་ཧུར་ཐག་ངང་ཁ་ཕྱོགས་ཀྱི་ཡོད། དབྱིན་ཇིར་གཉེར་བའི་2016ལོའི་ཧྥན་པའོ་ལུའོ་རྒྱལ་སྤྱིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས་ཐོག་ཀྲུང་གོའི་ཁེ་ལས་30ལྷག་ཙམ་ཞུགས་ཏེ་འཛམ་གླིང་ལ་ཀྲུང་གོའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་ཁྱབ་ཁོངས་ཡར་ཐོན་བྱུང་བ་སྟོན་པ་དང་ཆབས་ཅིག“ཕྱིར་སྐྱོད་པའི”གོམ་སྟབས་མགྱོགས་སུ་བཏང་ཡོད།

    ཧྥན་པའོ་ལུའོ་རྒྱལ་སྤྱིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཀྱི་འགྲེམས་ཚོགས་དེ་ལོ་གཉིས་ནང་ཐེངས་གཅིག་སྤེལ་གྱི་ཡོད་པ་དེ་གོ་ལ་ཧྲིལ་པོའི་རྒྱལ་སྤྱིའི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་བྱ་གཞག་གི་འགྲེམས་ཚོགས་ཆེ་ཤོས་ཀྱི་གྲས་ཤིག་ཀྱང་ཡིན། འདི་ལོའི་མཁའ་འགྲུལ་འགྲེམས་ཚོགས་དེ་ཟླ་7ཚེས་11ཉིན་ནས་ཚེས་17ཉིན་བར་དབྱིན་ཇིའི་ཧྥན་པའོ་ལུའོ་རུ་གཉེར་བས་འགྲེམས་ཞུགས་ཚོང་པ་1500ཙམ་ཚུར་སྒུག་བྱས་ཡོད། ཀྲུང་གོའི་ཁེ་ལས་ཀྱི་ངོས་ནས་བརྗོད་ན། ཁེ་ལས་30ལྷག་ཙམ་དེའི་ནང་ཞུགས་ཤིང་དེའི་གཞི་ཁྱོན་སྔར་བྱུང་མ་མྱོང་བ་ཞིག་རེད།

    ད་ཐེངས་ཀྱི་ཧྥན་པའོ་ལུའོ་རྒྱལ་སྤྱིའི་མཁའ་འགྲུལ་འགྲེམས་ཚོགས་ཐོག་ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིས་ཁྱོན་ARJ21རིགས་ཀྱི་གནམ་གྲུ་90ཉོ་བའི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་ནང་གནམ་གྲུ་60ཧིན་རྡུ་ཉི་ཞི་ཡའི་མཁའ་འགྲུལ་ཀུང་སི་ཞིག་གི་འཕྲུལ་འཁོར་རུ་ཁག་འཛུགས་རྒྱུར་སྤྱོད་རྒྱུ་ཡིན་ཞིང་། ARJ21ནི་ཀྲུང་གོ་རང་ཉིད་ཀྱིས་ཞིབ་བཟོ་བྱས་པའི་རླུང་འབུད་རྣམ་པའི་འགྲུལ་སྐྱེལ་གནམ་གྲུ་ཆུང་བ་ཐོག་མ་དེ་ཡིན་པ་དང་འདི་ལོའི་ཟླ་6ཚེས་28ཉིན་ཁྲེང་ཏུའུ་ནས་ཧྲང་ཧའེ་བར་འཕུར་ཐེངས་དང་པོ་ཡིན་པ་དེ་ཐོག་ནས་ཚོང་ལས་གཉེར་སྐྱོང་ནང་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།

    ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིའི་ཁྲོམ་རའི་ཚོང་གཉེར་སྤྱི་ཁྱབ་ལྟ་སྐུལ་པ་ཀྲའོ་པིན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ARJ21རིགས་ཀྱི་གནམ་གྲུ་ནི་རྒྱལ་སྤྱིའི་ཁྲོམ་རར་དམིགས་ནས་བཏོན་པའི་ཐོན་རྫས་གལ་ཆེན་ཞིག་ཡིན་པས་ཧིན་རྡུ་ཉི་ཞི་ཡའི་ཁྲོམ་རར་འདོན་ཉེར་ཡོད་པའི་གནམ་གྲུ་60དེར་འཐབ་ཇུས་ཀྱི་དོན་སྙིང་ལྡན་ཡོད་ལ་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་མང་པོ“ཕྱིར་བསྐྱོད་ཐེངས”ཐོག་མ་ཡིན་པ་དང་འཛམ་གླིང་གི་ཁྲོམ་རར་གོམ་སྟབས་བརྟན་པོས་ཁ་ཕྱོགས་པ་ཞིག་ཀྱང་ཡིན། ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སིས་འབྱུང་འགྱུར་ཨེ་ཤེ་ཡའི་ཤར་ལྷོའི་ས་ཁུལ་གྱི་ཁྲོམ་ར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་འབྲེལ་ཡོ་རོབ་ཁྲོམ་རར་བསྐྱོད་རྒྱུའི་འབད་བརྩོན་བྱ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།