དབུ་ཤོག>གསར་འགྱུར།
  • ཧོ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-20

    ལོ་3རིང་ཧོ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་ཞུ། གསར་གཏོད་རང་བཞིན་གྱི་སྒོ་ནས་བོད་སྐྱོར་ལས་དོན་སྤེལ་བ་བཅས་ཀྱི་ཐོག་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    འདུ་ཤེས་བཟང་པོ་བཅངས་ནས་འཕེལ་རྒྱས་ཡོང་ཐབས་བྱས་པ།

    བོད་སྐྱོར་འགོ་ཚུགས་མ་ཐག་ཧོ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་མངའ་རིས་ས་ཁུལ་གྱི་ལས་ཀའི་དོན་དངོས་ལ་དམ་པོར་དམིགས་ཏེ། བརྟག་ཞིབ་ནན་ཏན་དང་རིགས་པས་ཁུངས་སྐྱེལ་ཡང་སེ་བྱས་པའི་རྨང་གཞིའི་ཐོག ལས་ཀའི་བསམ་ཕྱོགས་ཆགས་པར་བྱས་པ་དང་འབྲེལ། རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད་པ་དང་། ལས་བྱེད་པ་བོད་སྐྱོར་སྣེ་འདྲེན་དུ་བྱེད་པ་དང་། རྣམ་གྲངས་ཀྱི་བོད་སྐྱོར་འདེགས་སྐྱོར་དུ་བྱེད་པ། རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་ཁ་ཕྱོགས་སུ་བྱེད་པ། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་གཙོ་གནད་བྱེད་པ། ལས་བྱེད་པ་གསོ་སྦྱོང་དང་སྦྱོང་བརྡར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་བཅས་ཀྱི་རོགས་སྐྱོར་གྱི་ཁྱབ་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་རོགས་སྐྱོར་གྱི་ཆུ་ཚད་མཐོ་རུ་བཏང་ནས་རོགས་སྐྱོར་གྱི་ཕན་འབྲས་ལེགས་སུ་བཏང་ཡོད་པ་རེད།

    ལས་དོན་རུ་ཁག་གིས་མངའ་རིས་ས་ཨུད་དང་། སྲིད་འཛིན་ཀུང་ཧྲུའུ་དང་མཉམ་དུ་རྣམ་གྲངས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དམ་འཛིན་བྱ་གཞི་གཙོ་བོར་བྱས་ཏེ་བོད་སྐྱོར་རྣམ་གྲངས་མ་དངུལ་གྱི་དོ་དམ་བྱ་ཐབས་བཟོས་པ་དང་རྣམ་གྲངས་དོ་དམ་འགན་འཁྲིའི་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། མངའ་རིས་ས་ཁུལ་གྱི་འགྲིམ་འགྲུལ་དང་། ནུས་རྒྱུ། གྲོང་རྡལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་ནས་རིམ་རྩིས་ལྟར་ན། རྣམ་གྲངས་ཁག་37ལག་ལེན་བསྟར་བ་དང་མ་དངུལ་སྒོར་དུང་ཕྱུར་3.76བཏང་བ། ཐབས་བརྒྱ་ཇུས་སྟོང་གིས་འཆར་གཞིའི་ནང་མ་ཚུད་པའི་མ་དངུལ་སྒོར་ཁྲི་3600ལྷག་ཙམ་གྲབས་གསོག་བྱས་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐྱེ་སྟོབས་དང་གསོན་ཤུགས་བསྣན་པ་རེད།

    དེ་དང་ཆབས་ཅིག་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཡུན་རིང་རང་བཞིན་དང་། མང་ཚོགས་རང་བཞིན། ཚན་རིག་རང་བཞིན་བཅས་ཀྱི་རྩ་དོན་སྟངས་འཛིན་ནན་པོ་ཐུབ་པ་བྱས་ཏེ། ཧོ་པེ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་དཔལ་འབྱོར་གྱི་བོད་སྐྱོར་དང་། སློབ་གསོའི་བོད་སྐྱོར། ལས་ཞུགས་ཀྱི་བོད་སྐྱོར། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བོད་སྐྱོར། ཐོན་ལས་ཀྱི་བོད་སྐྱོར་སོགས་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུར་རོགས་རམ་ཧུར་ཐག་བྱས་པ་དང་། ཁ་གཏད་བོད་སྐྱོར་འཆར་འགོད་ཀྱི་སྤྱིའི་བསམ་ཕྱོགས་བཏོན་པ་དང་ཁ་གཏད་རོགས་སྐྱོར་ཚན་པས་བོད་སྐྱོར་ལས་དོན་གྱི་ཆེད་དོན་འཆར་འགོད་ཡག་པོ་འདིང་རྒྱུར་གཞོགས་འདེགས་བྱས་ནས་མངའ་རིས་ས་ཁུལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    ལེགས་ཆ་གང་ལེགས་སྤྱད་དེ་ཐོན་ལས་ལ་རོགས་སྐྱོར་བྱས་པ།

    ཧོ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཧོ་པེའི་སྨྱན་སྦྱོར་ཚན་པ་དང་དཔལ་འབྱོར་ཉོ་ཚོང་གི་ལས་སྟེགས་ཁག་གང་ལེགས་སྤྱད་དེ་མངའ་རིས་ས་ཁུལ་དང་། རུ་ཐོག་རྫོང་། རྩྭ་མདའ་རྫོང་བཅས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ནུས་ལྡན་བྱས་པ་དང་། ཧོ་པེ་ཞིང་ཆེན་གྱི་རྒྱ་སྟོབས་ཆེ་བ་དང་མཚན་སྙན་གྲགས་ཆེ་བའི་ཁེ་ལས་མངའ་རིས་སུ་མ་འཇོག་བྱ་གཞག་གཏོད་རྒྱུར་ངོ་སྤྲོད་བྱས་ནས་མངའ་རིས་ས་ཁུལ་གྱི་ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་ཧུར་ཐག་བྱས་ཡོད་པ་རེད།

    སྔ་རྗེས་སུ་ཤིན་ཐན་ལྗང་མདོག་ནུས་རྒྱུ་ཚོགས་པ་མངའ་རིས་སུ་འོད་ནུས་དང་རླུང་ནུས་སོགས་ལྗང་མདོག་ནུས་རྒྱུའི་གསར་སྤེལ་བེད་སྤྱོད་བྱས་ཚུལ་ལ་ས་གནས་ས་ཐོག་གི་རྟོག་ཞིབ་བྱ་རྒྱུར་མཐུན་སྦྱོར་བྱས་པ་དང་འབྲེལ། ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་དང་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་རགས་ཙམ་བཀོད་ཡོད། སྐད་གྲགས་ཆོད་པའི་འཆར་འགོད་ཚོགས་པ་གདན་དྲངས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་རུ་ཐོག་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་འཆར་འགོད་བཟོས་པ་དང་། མ་དངུལ་སྒོར་ཁྲི་3600བཏང་ནས་རུ་ཐོག་རྫོང་གི་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་གཉེར་བ། ཧོ་པེ་ཞིང་ཆེན་ཐོ་ཐའེ་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་སིའི་མ་དངུལ་སྒོར་ཁྲི་3500ནང་འདྲེན་བྱས་ནས་རུ་ཐོག་དམངས་སྲོལ་རིག་གནས་ཚོང་ལས་ཁྲོམ་གཞུང་གི་རྣམ་གྲངས་གཉེར་བ་རེད། ཧོ་པེ་ཞིང་ཆེན་ཧུང་དབྱི་ཁུལ་ལྡན་ཐོན་རྫས་ཚད་ཡོད་ཀུང་སིའི་མ་དངུལ་སྒོར་ཁྲི་3000ནང་འདྲེན་བྱས་ནས་རུ་ཐོག་རྫོང་དུ་ཁུལ་ཤད་བཟོ་གྲྭ་བཙུགས་པར་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་4000ཟིན་གྱི་ཡོད་པ་རེད།

    རེ་བ་བཟང་པོ་བློ་ལ་བཅངས་ནས་བྱ་བ་བཟང་པོ་ལེགས་པར་བསྒྲུབས་པ།

    ལོ་3རིང་ཧོ་པེ་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་འགྲིལ་བྱ་རྒྱུ་ནི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། བོད་སྐྱོར་མ་དངུལ་རྣམ་གྲངས“ཕྱོགས་གཉིས་ལ་ཕྱོགས”ནས་80%ཡན་གྱི་མ་དངུལ་དམངས་འཚོའི་ཐད་སྤྱད་དེ་ཞིང་འབྲོག་ཁུལ་གྱི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐག་གཅོད་བྱས་པ་རེད།

    སྔ་རྗེས་སུ་མ་དངུལ་སྒོར་ཁྲི་3870བཏང་ནས་མངའ་རིས་ས་ཁུལ་གྱི་གློག་བརྙན་ཟློས་གར་ཁང་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་1500བཏང་ནས་མངའ་རིས་ས་ཁུལ་གྱི་བུད་མེད་དང་བྱིས་པའི་བདེ་སྲུང་ཁང་བསྐྲུན་པ། མ་དངུལ་སྒོར་ཁྲི་4800བཏང་ནས་རུ་ཐོག་དང་རྩྭ་མདའ་རྫོང་གཉིས་ཀྱི་བདེ་སྡོད་ལས་གྲྭ་དང་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པ། མ་དངུལ་སྒོར་ཁྲི་1920བཏང་ནས་རྩྭ་མདའ་རྫོང་གི་ཞིང་འབྲོག་ཁུལ་གྱི་འཚོ་བའི་ཆུ་སྤྱོད་ཀྱི་ལས་གྲྭ་བསྐྲུན་རྒྱུར་རོགས་སྐྱོར་བྱས་པ། མ་དངུལ་སྒོར་ཁྲི་1740བཏང་ནས་རུ་ཐོག་དང་རྩྭ་མདའ་རྫོང་གཉིས་པོའི་གྲོང་ཚོའི་རྣམ་པ་ལེགས་བཅོས་བྱས་པ། མ་དངུལ་སྒོར་ཁྲི་1130བཏང་ནས་རུ་ཐོག་རྫོང་གི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་བ་རེད།

    ཆ་སྒྲིག་གཉེན་འཚོལ་གྱི་རོགས་སྐྱོར་བྱེད་སྒོ་ནན་ཏན་སྤེལ་ནས་སྔ་རྗེས་སུ་རུ་ཐོག་རྫོང་དུང་རུ་ཤང་གསུམ་བཞི་གྲོང་ཚོ་དང་། རུ་ཐོག་གྲོང་རྡལ་རུ་ཐོག་གྲོང་ཚོ། ར་བང་ཤང་སློབ་ཆུང་དང་ཆ་སྒྲིག་རོགས་སྐྱོར་བྱས་ནས་སྒོར་ཁྲི་200ལྷག་ཙམ་རི་བའི་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པ་རེད། བོད་སྐྱོར་སྨན་བཅོས་རུ་ཁག་གཞི་རིམ་དུ་བསྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས་ཞིང་འབྲོག་པ་7000ལྷག་ཙམ་ལ་རིན་མེད་ནད་བརྟག་སྨན་བཅོས་བྱས་པ་དང་། རིན་ཐང་སྒོར་ཁྲི་60ལྷག་ཙམ་རི་བའི་སྨན་དང་སྨན་བཅོས་ཡོ་ཆས་སྤྲད་པ་རེད། ཧོ་པེ་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་གྱིས་སྨན་བཅོས་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་མི་སྣ་43མངགས་ནས་དུས་ཡུན་ཟླ་3གྱི་དུས་ཐུང་རོགས་སྐྱོར་ལས་དོན་སྤེལ་བ་དང་དགེ་རྒན་24མངགས་ནས་དུས་ཡུན་ལོ་གཅིག་གི་སློབ་གསོའི་རོགས་སྐྱོར་བྱས་པ་རེད། བོད་སྐྱོར་ལས་དོན་རུ་ཁག་གིས་རིམ་རྩིས་ལྟར་ན་བྱ་བ་བཟང་པོ་དང་བྱ་བ་དངོས་ཁྱོན་ཁག་1000ལྷག་ཙམ་བསྒྲུབས་པར་མངའ་རིས་མི་དམངས་ཀྱི་མངགས་བརྗོད་རྒྱ་ཁྱབ་བྱས་པ་རེད།

    རུ་ཐོག་རྫོང་གི“གྲོང་ཚོ་གཅིག་ལ་ཉེན་རྟོག་པ་རེ་དང་། ལས་བྱེད་པ་རེ། གྲོང་དཔོན་རེ་བཅས་ཡོད་པའི”ལས་ཀའི་བྱ་ཐབས་དང་རྩྭ་མདའ་རྫོང་གི“གཞི་གཅིག་ཅན”གྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་གཏོད་རྒྱུ་འཚོལ་ཞིབ་བྱས་པ་དང་། མ་དངུལ་སྒོར་ཁྲི་6000ལྷག་བཏང་ནས་རུ་ཐོག་དང་རྩྭ་མདའ་རྫོང་གཉིས་སུ་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་ལྟེ་གནས་དང་ཡུལ་དམག་སྦྱོང་བརྡར་ལྟེ་གནས་སོགས་བསྐྲུན་པ། མ་དངུལ་སྒོར་ཁྲི་1200མཐུན་སྦྱོར་བྱས་ནས་མངའ་རིས་སྤྱི་བདེ་མཐའ་སྲུང་ཉིང་ལག་རུ་ཁག་ལ་ཉེན་ཟོན་སྐོར་གཡེང་དང་འཚོ་བའི་རླངས་འཁོར་དང་དྲོད་ལེན་སྒྲིག་ཆས་ཉོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།