1. སྨན་རིན་ཇི་ཙམ་མཐོ་བ་ཡོད་ན་དེ་ཙམ་གྱིས་ཡག་པོ་ཡོད་པའི་ངོས་འཛིན་བྱེད་པ། དོན་དུ་སྨན་རྫས་ནི“གོང་ཁེ་པོ་ཡིན་པ་ཡག་པོ་མེད་པ་དང་སྨན་ཡག་པོ་ཡོད་ན་གོང་ཚད་ཁེ་པོ་མེད་པའི”བཤད་སྲོལ་ལ་བདེན་དོན་མེད་པར། སྤྱོད་སྟངས་འཚམ་པོ་བྱུང་ན་གོང་ཚད་ཁེ་བའི་སྨན་རྫས་ལའང་ནད་གཞི་བཅོས་ཐུབ་པའི་ཕན་ནུས་ལྡན་ཡོད།
2. ཆམ་ནད་ཕོག་སྐབས་སྨན་པ་མ་བསྟེན་པར་སྨན་གང་བྱུང་ཟ་བ། མི་མང་པོ་ཞིག་གིས་དུག་སྲིན་འགོག་སྨན་བཏང་ནས་ཆམ་ནད་བཅོས་ཐབས་བྱེད་ཀྱི་ཡོད། དུག་སྲིན་འགོག་སྨན་གྱིས་འབུ་ཕྲ་དང་སྐྱེ་དངོས་ཕྲ་རབ་འགའ་ཞིག་འགོག་ཐུབ་ཀྱི་ཡོད་རུང་། ནད་དུག་འགོག་ཐུབ་ཀྱི་མེད། ཆམ་ནད་ནི་ནད་དུག་ལས་བྱུང་བ་ཞིག་ཡིན་པར་བརྟེན་གང་བྱུང་དུ་སྨན་དེ་རིགས་བཏང་ན་དེ་བས་གནོད་ནས་འབུ་ཕྲའི་སྨན་རྫས་བསྟེན་ཤུགས་ཆེ་རུ་འགྲོ་བ་ཡིན།
3. སྨན་རང་འདོད་ལྟར་གཏོང་བ། མི་མང་པོ་ཞིག་ལ་ནད་ཕོག་རྗེས་ནད་གཞི་ལྕི་ཙམ་ཡོད་སྐབས་དུས་ཚོད་དང་གྲངས་ཚད་ལ་བརྟེན་ནས་སྨན་གཏོང་གི་ཡོད་ནའང་ནད་གཞི་ཅུང་ཡང་དུ་འགྲོ་སྐབས་སྨན་རང་འདོད་ལྟར་གཏོང་གི་ཡོད། དུག་སྲིན་འགོག་སྨན་གྱི་ཕན་ནུས་དེ་ཁྲག་སྨན་གྱི་གར་ཚད་ལ་བརྟེན་དགོས་ཀྱི་ཡོད་པ་དང་གལ་ཏེ་གར་ཚད་དེ་ཚད་གཞིར་མ་སླེབས་ན་འབུ་ཕྲ་གཙང་མ་གསོད་མི་ཐུབ་པར་དེ་ལས་ལྡོག་སྟེ་འབུ་ཕྲའི་སྨན་རྫས་བརྟེན་ཤུགས་ཆེ་རུ་འགྲོ་བ།
4. དུག་སྲིན་འགོག་སྨན་རང་འདོད་ལྟར་མཉམ་དུ་གཏོང་བ། འབུ་ཕྲ་ལས་འགོས་པའི་ནད་གཞི་ཡིན་ཕྱིན་ནད་གཞིའི་་རྐྱེན་གྱི་འབུ་ཕྲའི་རིགས་མི་འདྲ་སར་གཞིགས་ནས་དེ་མཚུངས་ཀྱི་སྨན་རྫས་གདམ་ག་བྱེད་དགོས། མི་ལ་ལས་དུག་སྲིན་འགོག་སྨན་ཡིན་ཕྱིན་གཉན་ཁ་གཅོག་ཐུབ་པ་མ་ཟད་ཐ་ན་ནད་གཞི་གང་མགྱོགས་སེང་དྲག་ཡོང་ཆེད་དུག་སྲིན་འགོག་སྨན་སྣ་ཚོགས་གཏོང་གི་ཡོད། དེ་འདྲ་བྱས་ཚེ་ཆུང་སར་སྨན་ནུས་ཐོན་མི་ཐུབ་པའམ་ཡང་ན་སྨན་ནུས་ཆུང་དུ་འགྲོ་གི་ཡོད་པ་དང་ཆེ་སར་སྨན་རྫས་ཀྱི་དུག་ནུས་ཆེ་རུ་ཕྱིན་ནས་བདེ་ཐང་ལ་གནོད་འཚེ་གཏོང་གི་ཡོད་པས་ཡིད་གཟབ་བྱེད་དགོས་སོ།