དབུ་ཤོག>གསར་འགྱུར།
  • མ་ལིར་ཞི་བདེ་སྲུང་སྐྱོང་བྱེད་པར་བསྐྱོད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ནུས་ཤུགས་ཡོད་རྒུས་རྨས་མར་སྨན་བཅོས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-19

    302800_yis_1468816039208.jpg

    ཟླ་7ཚེས་14ཉིན་གྱི་ཆུ་ཚོད་6ཡས་མས་སུ་མ་ལིར་ཞི་བདེ་སྲུང་སྐྱོང་བྱེད་པར་བསྐྱོད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་མཁའ་ཐོག་སྐྱེལ་འདྲེན་སྐྱོབ་བཅོས་ཚོགས་ཆུང་དེ་མ་ལིའི་ཨཱ་ནེ་ཧྥེ་སི་ས་ཁུལ་དུ་བསྐྱོད་དེ་ཚེས་13ཉིན་དེ་གར་ལས་འགན་སྒྲུབ་སྐབས་ལམ་འགྲམ་གྱི་འབར་མདེལ་གས་ནས་རྨས་སྐྱོན་ཕོག་པའི་ཁམ་ཕུ་ཁྲེའི་འབར་དངོས་གྲལ་བཤེར་དཔུང་སྡེའི་དམག་མི་རྨས་མ་4ཉར་ནས་སྨན་བཅོས་བྱས་པ་རེད། རྨས་མ་བཞི་པོ་ཅཱ་ཨའོ་གྲོང་ཁྱེར་དུ་ཡོད་པའི་མ་ལིར་ཞི་བདེ་སྲུང་སྐྱོང་བྱེད་པར་བསྐྱོད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་ཁོངས་གཏོགས་ཀྱི་རིམ་པ་གཉིས་པའི་སྨན་ཁང་དུ་བསྐྱལ་རྗེས་དེ་གའི་སྨན་དོན་མི་སྣས་འཕྲལ་དུ་རྨ་ཁ་གཙང་འཁྲུད་སོགས་བྱས་ནས་སྨན་བཅོས་བྱས་པ་དང་། ཆུ་ཚོད་4ཙམ་ལ་ནུས་ཤུགས་ཡོད་རྒུས་སྨན་བཅོས་བྱས་པ་བརྒྱུད་རྨས་མ་4པོ་སྲོག་ཉེན་ལས་ཐར་ཞིང་། འདི་ནི་ཟླ་7ཚེས་14ཉིན་མ་ལིའི་ཅཱ་ཨའོ་རུ་མ་ལིར་ཞི་བདེ་སྲུང་སྐྱོང་བྱེད་པར་བསྐྱོད་པའི་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་མིས་རྨས་མ་ཞིག་གི་ལག་པ་ནས་ཁྲག་འཐེན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།