དབུ་ཤོག>གསར་འགྱུར།
  • སྐབས་27པའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་གཙོའི་ཚོགས་འདུའི་ཐོག་གླིང་ཆེན་ཨ་ཧྥེ་རི་ཁའི་གཞི་གཅིག་ཅན་དང་དེ་བཞིན་ས་ཁུལ་གྱི་བདེ་འཇགས་སོགས་ལ་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-19

    ཤིན་ཧྭ་གསར་འགྱུར་ཁང་ཁི་ཀ་ལི་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་གཉིས་ཀྱི་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྐབས་27པའི་འགོ་གཙོའི་ཚོགས་འདུ་ཚེས་17ཉིན་རུ་ཝང་ཏའི་རྒྱལ་ས་ཁི་ཀ་ལིར་འཚོགས་པ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་མིའི་རྒྱལ་ཁབ་50ལྷག་ཙམ་ནས་ཡོང་བའི་གཙོ་བདག་དང་སྲིད་གཞུང་གི་འགོ་གཙོའམ་ཡང་ན་འཐུས་མིས་གླིང་ཆེན་ཨ་ཧྥེ་རི་ཁའི་གཞི་གཅིག་ཅན་དང་དེ་བཞིན་ས་ཁུལ་གྱི་བདེ་འཇགས་སོགས་གནད་དོན་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

    དབུ་ཚོགས་མ་འཚོག་གོང་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཨུ་ལྷན་གྱི་ཁྱབ་ཁོངས་ཁག་གི་ལས་དོན་འགན་འཁུར་མཁན་གྱི་མཐོ་རིམ་དཔོན་རིགས་ཚོས་གླིང་ཆེན་ཨ་ཧྥེ་རི་ཁའི་གཞི་གཅིག་ཅན་དང་། བཟོ་ལས་ཅན། བུད་མེད་ལ་དབང་ཆ་སྤྲོད་པ་བཅས་དང་དེ་བཞིན་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཨུ་ལྷན་གྱི་འཁོར་རྒྱུག་མ་དངུལ་གྲབས་གསོག་སོགས་ཀྱི་གྲོས་གཞི་ངོ་སྤྲོད་བྱས་པ་རེད། ཉིན་ཤས་གོང་ལྷོ་སུའུ་ཏན་རྒྱལ་ནང་དུ་གདོང་གཏུག་ཚབས་ཆེན་ཐོན་པས་ས་ཁུལ་གྱི་བདེ་འཇགས་དུས་བབ་ཀྱང་སྐབས་འདིའི་དབུ་ཚོགས་ཀྱི་གྲོས་བསྡུར་གླིང་གཞི་གཙོ་བོར་གྱུར་ཡོད།

    དབུ་ཚོགས་འཚོགས་རིང་། ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་འདེམས་ཤོག་འཕངས་ནས་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཨུ་ལྷན་གྱི་ཀྲུའུ་ཞི་གསར་པ་དང་དེ་བཞིན་སྐབས་གསར་པའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཨུ་ལྷན་འདེམས་རྒྱུ་རེད། ད་ལྟ་འགན་འཁུར་བཞིན་པའི་ཨུ་ལྷན་གྱི་ཀྲུའུ་ཞི་ཨེན་ཁོའོ་ས་ཀྲ་ན·ཏེ་ལ་མི་ཉི་ཙུའུ་མས་ལས་ཁུར་བསྟུད་འཛིན་བྱ་རྒྱུ་བློས་གཏོང་བྱས་ཡོད།

    དེ་མིན་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁ་ཡོངས་སུ་གཅིག་གྱུར་གློག་རྡུལ་ལམ་ཡིག་འདོན་རྒྱུ་ཡིན་པ་དང་ཁག་དང་པོ་སྤྱོད་མཁན་ནི་སྲིད་གཞུང་གི་འགོ་གཙོ་དང་། ཕྱི་འབྲེལ་པུའུ་ཀྲང་། གླིང་ཆེན་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྤྱི་ཁྱབ་པུའུ་རུ་རྒྱུན་སྡོད་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འཐུས་མི་བཅས་ཡིན་པས་ཁོང་ཚོ་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་མིའི་རྒྱལ་ཁབ་ཏུ་བསྐྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད། གླིང་ཆེན་ཨ་ཧྥེ་རི་ཁ་ཡོངས་ཀྱི་གཅིག་གྱུར་གློག་རྡུལ་ལམ་ཡིག་དེ་ཨ་ཧྥེ་རི་ཁའི་མནའ་འབྲེལ་རྒྱལ་ཁབ་ཀྱི《2063ལོའི་གྲོས་རིམ》ཀྱི་དམིགས་ཚད་ཅིག་ཡིན་པས་སྤྱོད་རྒྱ་རིམ་གྱིས་རྒྱ་ཆེར་བཏང་ནས་མི་རྣམས་རང་དབང་ངང་ཕར་འགྲོ་ཚུར་འོང་བྱ་རྒྱུར་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།