དབུ་ཤོག>གསར་འགྱུར།
  • ལི་གཡོད་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁེ་ལས་ལི་གཡོད་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པར་ཐུགས་རྗེ་ཆེ་ཞུས་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང།   |     སྤེལ་དུས།  2016-07-19

    ཤིན་ཧྭ་གསར་འགྱུར་ཁང་ལི་གཡོད་རེ་ན་ལུའུ་ནས་ལུས་རྩལ་ཆེད་གཏོང་གློག་འཕྲིན་འབྱོར་གསལ། 2016ལོའི་ལི་གཡོད་རེ་ནེ་ལུའུ་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ཚེས་13ཉིན་སྤྱི་ཁྱབ་པུའི་ཐོག་ཁང་དུ་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོའི་ཀེ་ལི་གློག་ཆས་ཀུང་སི་དེ་ཉིད་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་གཞུང་ཕྱོགས་མཁོ་སྤྲོད་ཚོང་པར་གྱུར་བར་རྟེན་འབྲེལ་ཞུས་པ་རེད། དེ་ནི་ཀྲུང་གོའི་གྱོན་ཆས་སྤུས་རྟགས“361°”གཞུང་ཕྱོགས་རྒྱབ་སྐྱོར་ཚོང་པར་གྱུར་རྗེས་ཀྲུང་གོའི་ཁེ་ལས་སླར་ཡང་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་ཡིད་མཐུན་རོགས་སྐྱོར་ཚོང་པར་གྱུར་བ་ཞིག་རེད།

    ལི་གཡོད་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་རྒྱལ་སྤྱིའི་འབྲེལ་བ་ཅུས་ཀྱི་ཅུས་ཀྲང་ཨ་ཅེ་མའར·སང་ཐུའོ་སི་ཡིས་ཤིས་ཚིག་བརྗོད་སྐབས་ཀྲུང་གོའི་ཁེ་ལས་ཀྱིས་ལི་གཡོད་ཨོ་རྩལ་འགྲན་ཚོགས་ནང་སྤྲོ་སེམས་འཁོལ་པོས་ཞུགས་པ་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་ཡང་ཁོང་གིས་ཨོ་རྩལ་འགྲན་ཚོགས་ནི་གོ་ལ་ཧྲིལ་པོའི་ཆེས་གལ་ཆེ་ཤོས་ཀྱི་ལུས་རྩལ་འགྲན་བསྡུར་ཞིག་ཡིན་པས་ཀེ་ལི་འདི་ཉིད་ཀྲུང་གོའི་ཁེ་ལས་ཀྱི་འཐུས་མི་ཡིན་པའི་ངོས་ནས་ཞུགས་པ་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཐད་སྐུལ་མ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ལུགས་བརྗོད་པ་རེད། ཁོང་གིས་ཨོ་རྩལ་འགྲན་ཚོགས་ཀྱི་ཡིད་མཐུན་རོགས་སྐྱོར་ཚོང་པར་གྱུར་བའི་ཁེ་ལས་ཚང་མ་ནི་གྲུབ་འབྲས་ཐོབ་པའི་ཁེ་ལས་ཤ་སྟག་ཡིན་པས་ཀེ་ལིར་པར་ཙིར་གྱི་ཁྲོམ་རའི་ཁས་ལེན་གང་ལེགས་ཐོབ་ནས“པར་ཙིར”གྱི་ཁེ་ལས་ལ་གྱུར་ཡོད་ཅེས་བརྗོད་ཆོག

    ལི་གཡོད་ཨོ་རྩལ་འགྲན་ཚོགས་ཡིད་མཐུན་རོགས་སྐྱོར་ཚོང་པའི་རིམ་པ་དེ་མཐོ་བ་ནས་དམའ་བའི་བར་གོ་ལ་ཧྲིལ་པོའི་མཉམ་ལས་རོགས་ཟླ་དང་། གཞུང་ཕྱོགས་ཀྱི་ཡིད་མཐུན་རོགས་སྐྱོར་ཚོང་པ། གཞུང་ཕྱོགས་ཀྱི་རྒྱབ་སྐྱོར་ཚོང་པ། གཞུང་ཕྱོགས་ཀྱི་མཁོ་སྤྲོད་ཚོང་པ། མཁོ་སྤྲོད་ཚོང་པ་བཅས་རིམ་པ་ལྔ་ལ་དབྱེ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་གཞུང་ཕྱོགས་མཁོ་སྤྲོད་ཚོང་པར་གྱུར་བ་བྱ་ཆེད། ཀེ་ལི་ཡིས་ལི་གཡོད་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཐོན་སྐྱེད་དོ་དམ་དང་སྤྱི་ཚོགས་ཀྱི་འགན་འཁྲི་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ཐད་ཀྱི་ནན་ཞིང་དམ་པའི་ཚོད་སྐོར་དང་ཞིབ་བཤེར་བརྒྱུད་ཡོད་པས་ཕྱོགས་ཚང་མའི་ཐད་ཀྱི་ཚོད་བགམ་མྱོང་ཡོད་ཅེས་བརྗོད་ཆོག

    མིག་སྔར་ཀེ་ལིའི་མཁའ་རླུང་སྙོམས་སྒྲིག་ཡོ་ཆས་འགོ་ཚུགས་དང་མཇུག་འགྲིལ་མཛད་སྒོ་ཁང་དང་། ལུས་རྩལ་ཁང་། སྨྱན་སྦྱོར་ཁང་བཅས་སུ་སྒྲིག་སྦྱོར་བྱས་ཟིན་པ་དང་རྣམ་གྲངས་གཞན་དག་ལའང་སྒྲིག་སྦྱོར་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།