དབུ་ཤོག>གསར་འགྱུར།
  • ཀྲུང་གོའི་སྙིང་དོན་མཚོན་པའི་སྣུམ་ཚོན་རི་མོ་ཕ་རི་སིར་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-19

    ཤིན་ཧྭ་གསར་འགྱུར་ཁང་ཕ་རི་སི་ནས་གློག་འཕྲིན་འབྱོར་གསལ། “ཀྲུང་ཧྭ་ཡི་སྙིང་དོན—ཀྲུང་གོའི་སྣུམ་ཚོན་རི་མོའི་སྒྱུ་རྩལ་རྒྱལ་སྤྱིའི་སྐོར་སྐྱོད་འགྲེམས་སྟོན”ཚེས་13ཉིན་ཧྥ་རན་སེའི་ཕ་རི་སིར་འགོ་ཚུགས་ཤིང་། ཀྲུང་གོའི་སྣུམ་ཚོན་རི་མོའི་བརྩམས་བྱ་152ལས་ཧྥ་རན་སེའི་ལྟད་མོ་བར་ཀྲུང་གོའི་སྣུམ་ཚོན་རི་མོའི་སྒྱུ་རྩལ་འཕེལ་རྒྱས་དང་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་རེད།

    ཀྲུང་གོའི་སྣུམ་ཚོན་རི་མོ་མཁས་ཅན་62ཀྱི་བརྩམས་བྱ་152ཀྱིས“ཀྲུང་ཧྭ་ཡི་སྙིང་དོན”གཙོ་དོན་དུ་བྱས་པ་དང་། འཚོ་བ་སྐྱེལ་ཚུལ་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་དོན། སེམས་རྒྱུད་ཀྱི་ཞིང་ཁམས་བཅས་གླིང་གཞི་གསུམ་གྱི་ཐོག་ནས་ཀྲུང་གོའི་སྣུམ་ཚོན་རི་མོའི་དེང་དུས་ཀྱི་འཕེལ་རྒྱས་ཕྱོགས་ཡོངས་ནས་མཚོན་པ་བྱས་ཡོད། བརྩམས་བྱར་བརྗོད་བྱ་སྣ་མང་དང་ཉམས་འགྱུར་མང་བ་དང་། ཀྲུང་གོའི་རིག་གནས་དང་སྤྱི་ཚོགས་ཀྱི་བསམ་བློ་ལྡན་ཡོད་ལ་དེང་རབས་ཀྱི་རང་མོས་རྣམ་པའང་མཉམ་འདྲེས་བྱས་ཡོད།

    ད་ཐེངས་ཀྱི་འགྲེམས་སྟོན་དེ་ཀྲུང་གོ་རྒྱལ་ཁབ་རི་མོ་འགྲེམས་སྟོན་ཁང་གི་གཙོ་གཉེར་བྱས་པ་དང་ཀྲུང་གོ་རྒྱལ་ཁབ་རི་མོ་ཁང་གིས་སྒྲུབ་འགན་འཁུར་བས་འདི་ཟླའི་ཚེས་30ཉིན་བར་འགྲེམས་སྟོན་བྱ་རྒྱུ་ཡིན་ཞིང་། འགོ་འཛུཌ་མཛད་སྒོའི་ཉིན་མོར་ཀྲུང་གོ་དང་ཡོ་རོབ་ཀྱི་མཛེས་རྩལ་རིགས་པའི་གཞུང་ལུགས་མཁས་ཅན་དང་སྒྱུ་རྩལ་མཁས་ཅན་གྱིས་ཀྲུང་གོའི་སྣུམ་ཚོན་རི་མོའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་ཀྲུང་གོ་དང་ནུབ་རྒྱུད་ཀྱི་སྣུམ་ཚོན་རི་མོའི་སྒྱུ་རྩལ་ལ་སྐུལ་འདེད་དང་རྒྱ་བསྐྱེད་གཏོང་བའི་ཐད་འབྲེལ་གཏུག་དང་སྤེལ་རེས་ཟབ་མོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།