དབུ་ཤོག>གསར་འགྱུར།
  • སེང་གེ་ཁ་འབབ་གཙང་པོའི་འགྲམ་དུ་དཔྱིད་དཔལ་རབ་ཏུ་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-19

    དབྱར་གཞུང་གི་སྒར་རྫོང་དུ། རབ་ཏུ་བཞད་པའི་མེ་ཏོག་རྒྱ་སྨུག་གིས་དེ་སྔའི་བྱེ་ཐང་ཡོངས་སུ་བཀབ་ཅིང་། དེ་ནི་ས་མཐོའི་མི་དམངས་ཀྱིས“ལྷའི་རྩྭ”ཞེས་འབོད་པའི་གཟན་རྩྭ་ཡག་པོ་འབུ་སུ་ཧང་གི་མེ་ཏོག་རེད། ས་མཐོར་སྐྱེས་པའི་རྣམ་པར་བཀྲ་བའི་མེ་ཏོག་དེར་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཧན་ཅུན་ཝུན་གྱི་སེམས་ནུས་མང་པོ་འདུས་ཡོད་པ་སྟེ། ལོ་ལྔའི་རིང་། ཧོ་པེ་དང་ཧྲའན་ཤིས་ཞིང་ཆེན་གཉིས་དང་དེ་བཞིན་རྒྱལ་ཁབ་གློག་དྲ་དང་། ཀྲུང་གོ་སྒུལ་བདེ་ཀུང་སི། ཀྲུང་གོ་ལེན་ཐུང་བཅས་རྒྱལ་ཁབ་ཁེ་ལས་གསུམ་གྱིས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་ཞིང་ལས་བོད་སྐྱོར་ལས་འགན་དོན་འཁྱོལ་ཏན་ཏིག་བྱས་ནས“འཛམ་གླིང་ཡང་རྩེའི་ཡང་རྩེར”ཞིང་འབྲོག་ལས་གསར་གཏོད་འཕེལ་རྒྱས་བཏང་བ་རེད།

    བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། མིག་སྔའི་བར་ཏུ། ཞིང་ཆེན་གཉིས་དང་རྒྱལ་ཁབ་ཁེ་ལས་གསུམ་གྱིས་སྤྱི་ཚོགས་ཀྱི་དམངས་འཚོ་དང་། རྨང་གཞིའི་སྒྲིག་བཀོད། ཁྱད་ལྡན་ཐོན་ལས། སྣོད་བཅུད་འཛུགས་སྐྱོང་། རིག་སྟོབས་རོགས་སྐྱོར་སོགས་ཀྱི་ཁྱབ་ཁོངས་སུ་ཁྱོན་མ་དངུལ་སྒོར་ཁྲི་24670.2བཏང་བ་དང་ཆབས་ཅིག བོད་སྐྱོར་རྣམ་གྲངས་དང་མ་དངུལ“ཞིང་གསུམ”ལ་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད།

    འདས་པའི་ལོ་ལྔའི་རིང་། ཞིང་ཆེན་གཉིས་དང་རྒྱལ་ཁབ་ཁེ་ལས་གསུམ་གྱི་བོད་སྐྱོར་ལས་བྱེད་པ་ཁག་དྲུག་པ་དང་བདུན་པས་རང་འགུལ་ངང་ཞིང་འབྲོག་ཁུལ་དུ་བསྐྱོད་དེ་བརྟག་ཞིབ་བྱས་པ་དང་ཆབས་ཅིག སྙན་ཞུ་གསན་པ་དང་། ས་གནས་ས་ཐོག་ཏུ་བསྐྱོད་པ། བཞུགས་མོལ་ཚོགས་འདུ་ཚོགས་པ་སོགས་ཀྱི་བྱེད་སྟངས་བརྒྱུད་མངའ་རིས་ཀྱི་ལུང་ཤུར་ཚང་མར་བསྐྱོད་དེ་ཐོག་མའི་དཔྱད་གཞི་ཁོང་དུ་ཆུད་པར་བྱས་ནས། མངའ་རིས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་། རང་བྱུང་ཁོར་ཡུག ཐོན་ཁུངས་གནས་ཚུལ་སོགས་ལ་ཁྱོན་ཡོངས་ནས་རྒྱུས་མངའ་ལོན་པའི་རྨང་གཞིའི་ཐོག་རིགས་པས་ཁུངས་སྐྱེལ་ཐེངས་མང་བྱས་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་ལྷག་པར་དུ་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་བརྒྱུད“མི་དམངས་ལ་ཞབས་འདེགས་དང་། དངོས་སྒྲུབ། གསར་སྤེལ། གསར་གཏོད”བཅས་ཀྱི་བོད་སྐྱོར་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང“རྨང་གཞི་གཅིག་བརྟན་གཏོང་དང་། འཁོར་ལོ་གཉིས་ཡག་པོར་སྐོར་བ། ལས་སྟེགས་གཅིག་བསྐྲུན་པ། མ་ལག་ཆེན་པོ་བདུན་འཛུགས་པ”བཅས་ཀྱི་ཞིང་འབྲོག་ལས་དོན་གྱི་བསམ་ཕྱོགས་བཟོ་རྒྱུར་སྐུལ་འདེད་བཏང་ནས་མངའ་རིས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བའི་གནད་དོན་གལ་ཆེན་ཐད་ཚད་བརྒལ་གསར་པ་ཡོང་གང་ཐུབ་བྱས་པ་རེད།

    ལོ་ལྔའི་རིང་། ཞིང་ཆེན་གཉིས་དང་རྒྱལ་ཁབ་ཁེ་ལས་3གྱིས་མངའ་རིས་ཀྱི་ཞིང་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་ལྷུ་ཚིགས་ཞན་ས་དང་འཕྲལ་ཏུ་ཐག་གཅོད་བྱེད་དགོས་པའི་མང་ཚོགས་ཀྱིས་གླེང་མང་ཤོས་ཀྱི་དཀའ་གནད་དམ་འཛིན་ནན་པོ་བྱས་ཐོག་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་འབུར་དུ་ཐོན་པ་དང་བོད་སྐྱོར་ཁྱབ་ཁོངས་རྒྱ་བསྐྱེད་བྱས་པས་ཁྱོན་ཡོངས་དང་ཁྱབ་ཁོངས་ཡངས་པའི་བོད་སྐྱོར་ལས་དོན་གྱི་རྣམ་པ་ཆགས་པ་མ་ཟད། མངའ་རིས་ཞིང་འབྲོག་ལས་ཀྱི་རང་ཉིད་འཕེལ་རྒྱས་དང་རང་བརྟེན་ནུས་པ་ཡང་ཆེ་རུ་ཧུར་ཐག་ཕྱིན་ནས། མངའ་རིས་ཀྱི་ཞིང་འབྲོག་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ནས་མངའ་རིས་ཀྱི་ཞིང་འབྲོག་ལས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།