བེད་སྤྱོད་བཏང་ཟིན་པའི་ཇ་རོས་ཤེལ་གྱི་མེ་ལོང་དང་། ཤེལ་སྒོའི་སྒོ་དང་སྒེའུ་ཁུང་། ཁྱིམ་ཆས། འདམ་གྱིས་སྦགས་པའི་ལྷམ་བཅས་འཕྱི་བ་དང་གྱོན་གོས་སྨུག་པོའི་ཞག་སྙིགས་བཀྲུས་ན་གཙང་དག་ཐུབ་པའི་ནུས་པ་ཆེན་པོ་ལྡན་པ་དང་། གཞན་ཡང་རྒྱུན་གཏན་ང་ཚོས་བེད་སྤྱོད་བྱས་ཟིན་པའི་ཇ་རོ་སྲིབ་སྐམ་བཏང་སྟེ་རས་ཁུག་ནང་དུ་བླུགས་ནས་སྔས་མགོར་བརྒྱབ་ན་བདེ་ཐང་ལ་ཕན།