དབུ་ཤོག>གསར་འགྱུར།
  • རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཕྱོཌ་བསྡུས་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་ལས་མཇུག་འགྲིལ་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-18

    ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། ཚེས་16ཉིན་རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་ཡིན་པའི་ཁུན་མིང་མེ་འཁོར་བབས་ཚུགས་ལྷོ་མ་གསར་པ་དང་དེའི་འགག་གནད་རང་བཞིན་གྱི་གྲོང་སྲིད་ཀྱི་ཆ་ལག་ཚང་བའི་འགྲོ་ལམ་ལས་གྲྭ་ཚེས་16ཉིན་་སྐྲུན་དངོས་གཙོ་བོ་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་བབས་ཚུགས་ལྷོ་མ་གསར་པའི་ཐོག་དུས་བཀག་ལྟར་མེ་འཁོར་ཤར་གཏོང་དང་གཉེར་སྐྱོང་ཐུབ་རྒྱུར་ཆ་རྐྱེན་བསྐྲུན་ཡོད།

    རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་གསུམ”རིང་གི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཡིན་པའི་ཁུན་མིང་མེ་འཁོར་བབས་ཚུགས་ལྷོ་མ་གསར་པར་ལྕགས་ལམ་དང་། བཤུལ་ལམ་འགྲིམ་འགྲུལ། སྤྱི་སྤྱོད་རླངས་འཁོར། བོགས་གཏོང་རླངས་འཁོར་སོགས་གྲོང་སྲིད་འགྲིམ་འགྲུལ་སྒྲིག་བཀོད་གཞི་གཅིག་ཏུ་བསྡུས་ཡོད། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་21བཏང་བ་དང་། བབས་ཚུགས་ཀྱི་ཁང་པའི་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་ཁྲི་33.3ཟིན་པ། ལམ་ཐིག་30དང་། བབས་ཚུགས་16 གྲོང་སྲིད་ཀྱི་ཆ་ལག་ཚང་བའི་འགྲོ་ལམ་16བཅས་བཀོད་སྒྲིག་བྱས་པའི་ལས་གྲྭ་དེ་ནི་རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་ཞབས་ཞུ་བྱེད་ནུས་ཆ་ཚང་ཤོས་ཀྱི་རྒྱལ་སྤྱི་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་ཆེ་ཤོས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།