དབུ་ཤོག>གསར་འགྱུར།
  • ཐའེ་དབན་གྱི་ལས་རིགས་ཁག་གིས་ལྷོ་རྒྱ་མཚོའི་འདུམ་གཅོད་ཀྱི་ཁུངས་མེད་རང་བཞིན་ལ་རྒྱུན་མཐུད་ངང་སུན་འབྱིན་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-18

    ཤིན་ཧྭ་གསར་འགྱུར་ཁང་ཐའེ་པེ་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར་ཐའེ་དབན་གྱི་ལས་རིགས་ཁག་གི་མི་སྣས་ཧྥི་ལི་ཕིན་གྱི་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིའི་འདུམ་གཅོད་ཁྲིམས་ཁང་གི་ཁྲུན་བཅད་ཟེར་བར་རྒྱུན་མཐུད་ངང་སུན་འབྱིན་པ་དང་། དེས་ལོ་རྒྱུས་ཀྱི་དོན་དངོས་འཁྱོག་བཤད་བྱས་པ་དང་ཀུན་གྱི་ཡིད་ཆེས་ཐོབ་མི་སྲིད་པས་རྩོད་གཞི་གསར་པ་ཐོན་སྲིད་པ་དང་ཤུགས་རྐྱེན་ཧ་ཅང་ངན་པ་བྱུང་བའི་ངོས་འཛིན་བྱེད་ཀྱི་ཡོད།

    ཐའེ་དབན“ཀྲུང་དབྱང་ཞིབ་འཇུག་ཁང”ཡོ་རོབ་དང་མེ་གླིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་སུང་ཡན་ཧུའེ་ཡིས་རྩོམ་ཡིག་སྤེལ་ནས་འདུམ་གཅོད་ཁྲིམས་ཁང་གིས་སྐམ་ས་ཆེ་མོ་དེའི་ཁྲོད་ཞུགས་མེད་པའི་གནས་ཚུལ་འོག་ཧྥི་ལི་ཕིན་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་དཔང་རྟགས་སམ་ཡང་ན་གསལ་བཤད་ལ་ཕྱོགས་ཞེན་གྱིས་ཡིད་ཆེས་བྱས་ཡོད། འདུམ་གཅོད་ཁྲིམས་ཁང་གི་གཞི་འཛིན་སའམ་ཡང་ན་ཧྥི་ལི་ཕིན་ཕྱོགས་ཀྱིས་གདན་ཞུ་བྱས་པའི་རིགས་གཅིག་མཁས་པ་དང་དཔང་མིས་མཁོ་འདོན་བྱས་པའི་དཔང་རྟགས་དང་སྙན་ཞུ་དོན་དངོས་དང་མི་མཐུན་པ་དང་ཡང་དག་པ་ཞིག་མིན། ཧྥི་ལི་ཕིན་ཕྱོགས་ཀྱིས་འདྲེན་སྤྱོད་བྱས་པའི་ལོ་རྒྱུས་ཡིག་ཆར་ཐ་ན་ནུས་ལྡན་དུས་ཚད་ལས་ཡོལ་བའམ་ཡང་ན་འཁྱར་གཏམ་ཉན་བཤད་ཀྱི་སྐྱོན་ཆ་ལྡན་ཡོད་ཅེས་བཤད།

    ཐའེ་དབན་གྱི་གྲགས་ཅན་ཁྲིམས་རྩོད་པ་ཞུས་ཝུན་པིན་གྱིས་སྨྱན་སྦྱོར་ལ་ཡི་གེ་བསྐུར་ནས་འདུམ་གཅོད་དེ་རིགས་གཞི་རྩའི་ཁྲིམས་གཞི་ལས་འགལ་ཡོད། གོ་རིམ་ཐོག་ནས་འབྲེལ་ཡོད་ཕྱོགས་ཁག་གིས་འདུམ་གཅོད་ཀྱི་གྲོས་དོན་ཐད་སྔོན་ལ་མོས་མཐུན་བྱས་མེད་ལ་དེ་ནི་ཧྥི་ལི་ཕིན་ཕྱོགས་རྐྱང་པའི་རེ་ཞུ་ཞིག་ཡིན། ད་ཐེངས་ཀྱི་ལྷོ་རྒྱ་མཚོའི་འདུམ་གཅོད་གྱོད་གཞིར“ལྐོག་ཏུ་འདུམ་གཅོད་བྱེད་པ”ཞེས་བརྗོད་ཀྱང་མི་འགྲིག་པ་མེད་པས་ཁྲིམས་གཞིའི་ཐོག་ནས་བརྗོད་ན་ནུས་མེད་ཤོག་སྙིགས་ལྟ་བུ་རེད་ཅེས་བཤད།

    ཚེས་15ཉིན་གྱི་སྔ་དྲོ་ཐའེ་དབན་སྲིད་ཇུས་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱིས“ལྷོ་རྒྱ་མཚོའི་འདུམ་གཅོད་བྱས་འབྲས་ཁས་ལེན་མི་བྱེད་པར་ལྷོ་རྒྱ་མཚོའི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི”གསར་འགོད་པའི་ཚོགས་འདུ་འཚོགས་ཡོད། ཐེབས་རྩ་ལྷན་ཚོགས་སློབ་གསོ་རིག་གནས་ཚོགས་ཆུང་སྒྲིག་འཛུགས་བྱེད་མཁན་ཧོ་སི་ཧྲེན་གྱིས་ལྷོ་རྒྱ་མཚོའི་འདུམ་གཅོད་ཀྱིས་ཆ་རྐྱེན་འཛོམས་པའི་གླིང་ཕྲན་ལ་མཚོ་གླེ་ཞེས་བཏགས་པ་དེ་ནི་ཁུངས་ལུང་མེད་པ་ཞིག་རང་རེད། རྒྱལ་སྤྱིའི་མཚོ་དོན་བཅའ་ཁྲིམས་འཁྱོག་བཤད་དང་གང་བྱུང་དུ་སྤྱོད་པ་ལས་ཐོན་པའི་གནད་དོན་ནི་དེས་ཐག་གཅོད་བྱས་པའི་གནད་དོན་ལས་མང་བ་ཡོད་ཅེས་བཤད།

    ཐའེ་དབན་ཆབ་སྲིད་སློབ་ཆེན་གྱི་རྒྱལ་སྤྱིའི་ལས་དོན་སློབ་གླིང་ཕྱི་འབྲེལ་སྲིད་ཇུས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧོང་ཁུའེ་པོ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་རྒྱལ་སྤྱིའི་བཅའ་ཁྲིམས་ལ་དཔྱད་གཞིར་འཛིན་ས་མང་པོ་ཡོད་མོད། འོན་ཀྱང་ད་ཐེངས་ཀྱི་ལྷོ་རྒྱ་མཚོའི་འདུམ་གཅོད་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིགས་ཏེ་ལག་ལེན་མ་བསྟར་བར་ཧྥི་ལི་ཕིན་ཁོ་ནར་ཁེ་ཕན་དོན་གཉེར་བྱས་པ་ཞིག་ཡིན་པས་དེར་མི་རྣམས་ཀྱི་ཡིད་ཆེས་ཐོབ་ཐབས་བྲལ་བ་རེད་ཅེས་བཤད།

    དེ་དང་དུས་གཅིག་ཏུ་ཐའེ་དབན“རིག་གནས་ཀྲུང་གོའི་གླེང་སྟེགས”ཀྱིས་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། ཚོགས་ཞུགས་དབྱི་ལན་སློབ་ཆེན་པོ་ཡ་སློབ་གསོ་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཁྲེན་ཕུའུ་ཡིས་ལྷོ་རྒྱ་མཚོའི་འདུམ་གཅོད་ནི་ཆབ་སྲིད་ཀྱི་ཁྲུན་གཅོད་ཅིག་ཡིན་པས་གལ་ཏེ་ངོགས་གཉིས་པོས་མཐའ་གཅིག་ཏུ་བདག་དབང་སྲུང་སྐྱོབ་མ་བྱས་ཚེ་ཕོག་ཐུག་ཆེན་པོ་ཐེབས་ངེས་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།