དབུ་ཤོག>གསར་འགྱུར།
  • འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་སོགས་ཚན་པ་29ཡིས་བྱ་ཐབས་བཏོན་ནས་ཁྲལ་འཇལ་ཡིད་རྟོན་བྱ་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-18

    གསར་འགོད་པས་ཚེས་12ཉིན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱས་པར། ཉེ་ཆར་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཀྲུང་གོ་མི་དམངས་དངུལ་ཁང་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་སོགས་ཚན་པ་29དང་མཉམ་འབྲེལ་ཐོག《ཁྲལ་འཇལ་ཡིད་རྟོན་ཐད་ཀྱི་Aརིམ་པའི་ཁྲལ་འཇལ་བར་མཉམ་འབྲེལ་ལྕག་སྐུལ་བྱ་ཐབས་ལག་བསྟར་བྱ་རྒྱུའི་སྐོར་གྱི་མཉམ་ལས་དྲན་ཐོར》མིང་རྟགས་བཀོད་པ་དང་སླད་ཕྱིན་རྣམ་གྲངས་དོ་དམ་དང་། ཁྲལ་བསྡུ་ཞབས་ཞུ། ཕྱིར་གཏོང་ནང་འདྲེན་སོགས་ཁྱབ་ཁོངས་18སུ་ཁྲལ་འཇལ་ཡིད་རྟོན་ཐད་ཀྱི་Aརིམ་པའི་ཁྲལ་འཇལ་བར་ཡིད་རྟོན་མཉམ་འབྲེལ་ལྕག་སྐུལ་བྱ་ཐབས་41སྤྱོད་རྒྱུ་རེད།

    《མཉམ་ལས་དྲན་ཐོ》ཡི་ནང་ཁྲལ་འཇལ་ཡིད་རྟོན་ཐད་ཀྱི་Aརིམ་པའི་ཁྲལ་འཇལ་བས་ལོངས་སུ་སྤྱོད་ཆོག་པའི་ལྕག་སྐུལ་བྱ་ཐབས་ཀྱི་ཁྱབ་ཁོངས་དེ་ཁྲལ་བསྡུའི་ཞབས་ཞུ་ནས་མ་དངུལ་གཏོང་འཇོག་དང་། དངུལ་རྩ། ཉོ་ཚོང་། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོ་ཞིག་བར་རྒྱ་བསྐྱེད་བཏང་ནས་ཁྲལ་འཇལ་བ་Aརིམ་པའི་ཁྲལ་འཇལ་ཡིད་རྟོན་གྱི“རིན་ཐང་འདུས་ཚད”དང་ཁྲལ་འཇལ་ཡིད་རྟོན་གྱི་སྤྱི་ཚོགས་རིན་ཐང་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད་པ་རེད། 《མཉམ་ལས་དྲན་ཐོ》ཡི་གཏན་འབེབས་ལ་གཞིགས་ན་ཁྲལ་འཇལ་ཡིད་རྟོན་ཐད་ཀྱི་Aརིམ་པའི་ཁྲལ་འཇལ་བས་གཤམ་གསལ་སྟབས་བདེ་དང་གཟིགས་སྐྱོང་དག་ལོངས་སུ་སྤྱོད་ཆོག་པ་སྟེ།

    རྣམ་གྲངས་ལ་ཞིབ་མཆན་འགོད་པའི་ཞབས་ཞུ་དང་དོ་དམ་ལ་ཆ་མཚོན་ན། སྲིད་འཛིན་ཞིབ་བཤེར་མཆན་འགོད་ཀྱི་ལྗང་མདོག་བགྲོད་ལམ་ལོངས་སུ་སྤྱོད་རྒྱུ་དང་། འབྲུ་རིགས་དང་སྲིང་བལ་སོགས་ཕྱིར་གཏོང་ནང་འདྲེན་གྱི་བགོས་འབོར་བགོ་རྒྱུར་སྐུལ་ལྕག་གཏོང་རྒྱུ། གློག་ཤུགས་ཐད་ཀར་ཉོ་ཚོང་བྱེད་པ་དང་། གཞན་གྱི་སྔོན་ལ་གློག་གཏོང་བའི་དབང་ཆ་དོན་འཁྱོལ་བྱེད་པ། གཞན་གྱི་སྔོན་དུ་གློག་ཉོ་བའི་དབང་ཆ་དོན་འཁྱོལ་བྱེད་པ་བཅས་རིང་གཞན་གྱི་སྔོན་ལ་བསམ་གཞིགས་བྱ་རྒྱུ། ཁེ་ལས་ཀྱི་ས་ཁོངས་ཕྱིའི་བུན་སྤྲོད་ཐོ་འགོད་སྙན་ཞུའི་དོ་དམ་ཁྲོད་ལོ་འཁོར་གྱི་བུན་གཏོང་གྲངས་ཚད་ཐེངས་གཅིག་ལ་ཞིབ་བཤེར་གཏན་འཁེལ་བྱེད་པ་དང་དུས་དབྱེ་ཁག་དབྱེའི་སྒོ་ནས་ཚོད་ལྟ་བྱེད་པའི་ལས་དོན་དུས་ཐོག་ཏུ་སྤེལ་རྒྱུ། སྲིད་གཞུང་གི་མ་འཇོག་རྣམ་གྲངས་འོས་སྐུལ་ཁྲོད་ཁྲལ་བསྡུའི་དཔང་ཡིག་སོགས་འབྲེལ་ཡོད་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུ་སོགས་ཡིན་པ་རེད།

    ཁྲལ་བསྡུའི་ཞབས་ཞུ་དང་དོ་དམ་ལ་ཆ་མཚོན་ན། སྤྱིར་བཏང་གི་ཁྲལ་འཇལ་བས་ཐེངས་གཅིག་ལ་ཟླ་བ་གསུམ་གྱི་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་ལེན་ཆོག་པ་དང་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་སྤྱོད་ཚད་ལེགས་སྒྲིག་བྱེད་དགོས་ཚེ་དུས་ཐོག་ཏུ་གཉེར་རྒྱུ་དང་། འཛིན་ཤོག་དཀྱུས་མ་དགོས་མཁོ་དང་བསྟུན་ནས་ལེན་རྒྱུ། ཕྱིར་གཏོང་ཁེ་ལས་དོ་དམ་རིགས་ཀྱི་ཁེ་ལས་ལ་འདེམས་པའི་ཆ་རྐྱེན་ལྡན་ཚེ་ཕྱིར་གཏོང་གི་ཁྲལ་སློག(རྩ་ཆག)གི་སྟབས་བདེའི་ཞབས་ཞུའི་བྱ་ཐབས་ལོངས་སུ་སྤྱོད་ཆོག་པ། གནས་ཐང་འཕར་ཁྲལ་གྱི་ཁྲལ་འཇལ་བ་དཀྱུས་མར་ཆ་མཚོན་ན་གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་ཁས་ལེན་དཔང་ཡིག་མེད་པ་བཟོ་རྒྱུ་སོགས་ཡིན་པ་རེད།

    ཕྱིར་གཏོང་ནང་འདྲེན་ལ་སྟབས་བདེ་བསྐྲུན་རྒྱུར་ཆ་མཚོན་ན། འགག་སྒོའི་ཁེ་ལས་ཀྱི་ཡིད་རྟོན་རིམ་པ་ནི་སྤྱིར་བཏང་ཡིད་རྟོན་ཁེ་ལས་ཡིན་པའི་Aརིམ་པའི་ཁྲལ་འཇལ་བར་གཞན་གྱི་སྔོན་ལ་ཡིད་རྟོན་སྐྱེད་སྲིང་བྱ་རྒྱུའམ་ཡང་ན་འབྲེལ་ཡོད་གསོ་སྦྱོང་བྱ་རྒྱུ་སོགས་ཡིན་པ་རེད།

    སྐྱེལ་འདྲེན་སྟབས་བདེ་ཅན་ལ་ཆ་མཚོན་ན། རླངས་འཁོར་འགག་སྒྲོལ་གྱི་འགྲོ་ལུགས་གཞན་གྱི་སྔོན་ལ་གཉེར་རྒྱུ་དང་རྒྱལ་སྤྱིའི་རླངས་འཁོར་སྐྱེལ་འདྲེན་འཁོར་སྐྱོད་ཆོག་འཐུས་ལག་འཁྱེར་གཞན་གྱི་སྔོན་ལ་སྤྲོད་རྒྱུ།

    རྒྱལ་མཚམས་ནས་འགྲོ་འོང་གི་ནད་ཡམས་ཞིབ་བཤེར་དང་ཞིབ་དཔྱད་ལ་ཆ་མཚོན་ན། ནད་ཡམས་ཞིབ་བཤེར་དང་ཞིབ་དཔྱད་འགག་སྒོས་བརྟག་བཤེར་བྱེད་ཚད་ཅུང་དམའ་རུ་གཏོང་རྒྱུ་དང་། དཀར་ཆག་གི་ཁོངས་སུ་མེད་པའི་3Cདང་3Cདཔང་ཡིག་གཉེར་སྐབས་སྔོན་ལ་ཐག་གཅོད་བྱ་རྒྱུ་སོགས་ཡིན་པ་རེད།

    མ་དངུལ་མཉམ་འདྲེས་སྟབས་བདེ་ཅན་ལ་ཆ་མཚོན་ན། དངུལ་ཁང་གིས་ཡིད་རྟོན་པ་དང་མ་དངུལ་མཉམ་འདྲེས་ཀྱི་གལ་ཆེའི་དཔྱད་གཞིར་འཛིན་པའི་ཆ་རྐྱེན་དུ་བརྩི་རྒྱུ་དང་། ཕུལ་བྱུང་ཡིད་རྟོན་ཟིན་ཐོར་བརྩིས་ནས་དངུལ་རྩའི་ཡིད་རྟོན་ཆ་འཕྲིན་གྱི་རྨང་གཞིའི་གྲངས་གཞིའི་མཛོད་ནང་འཇུག་རྒྱུ།

    འཛིན་ལོར་དང་འགན་བཅོལ་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཆ་མཚོན་ན། འཛིན་ལོར་དང་། ཐེབས་རྩ་དོ་དམ་ཀུང་སི་དང་། དུས་བཅད་ཀུང་སི། འགན་བཅོལ་ཀུང་སི་སོགས་འཛུགས་པ་དང་། སྒྱུར་བ། འབྲེལ་ཡོད་ལས་སྒོ་གཉེར་བ་སོགས་ཀྱི་བྱ་སྤྱོད་ཀྱི་ཞིབ་མཆན་འགོད་སྐབས་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་དེ་གལ་ཆེའི་དཔྱད་གཞིར་འཛིན་རྒྱུ།འགན་བཅོལ་གྱི་མཚམས་སྦྱོར་ལས་ཁུངས་འཛུགས་པ་སོགས་ཀྱི་ཐད་སྟབས་བདེ་ཅན་གྱི་བྱ་ཐབས་སྤྱོད་རྒྱུ།

    ཤེས་དཔལ་ལྡན་པའི་གྲོང་ཁྱེར་དཔྱད་འདེམས་སོགས་ལ་ཆ་མཚོན་ན། ཁྲལ་འཇལ་ཡིད་རྟོན་ཐད་ཀྱི་Aརིམ་པའི་ཁྲལ་འཇལ་བའི་གནས་ཚུལ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་ཚད་གཞིའི་ནང་བཅུག་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་སྡེ་ཚན་དུ་དཔྱད་འདེམས་བྱེད་རིང་དཔྱད་གཞིར་འཛིན་སའི་ཆ་རྐྱེན་དུ་བརྩི་རྒྱུ། ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དང་རྒྱལ་ཡོངས་རང་བཞིན་གྱི་སྔོན་ཐོན་སྡེ་ཁུལ་རྩ་འཛུགས་སུ་འདེམས་སྐབས་གཞན་གྱི་སྔོན་ལ་བསམ་གཞིགས་བྱ་རྒྱུ།

    གཞན་ཡང་ནོར་སྲིད་རང་བཞིན་གྱི་མ་དངུལ་རྣམ་གྲངས་གཞན་གྱི་སྔོན་དུ་བཀོད་སྒྲིག་བྱ་རྒྱུ་དང་གནས་ཐང་འཕར་བའི་གློག་འཕྲིན་ལས་སྒོའི་སྟབས་བདེ་དང་གཟིགས་སྐྱོང་རེ་ཞུ་བྱ་རྒྱུ་ལ་སོགས་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།