དབུ་ཤོག>གསར་འགྱུར།
  • རང་རྒྱལ་གྱིས་གསོ་རིག་འདྲ་འཁྲིད་སློབ་གསོ་ཚད་ལྡན་ངང་འཕེལ་རྒྱས་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-07-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་16ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་ཀྲུང་གོ་གསོ་རིག་སྨན་རྫས་མཐུན་ཚོགས་གསོ་རིག་འདྲ་འཁྲིད་སློབ་གསོ་ཆེད་ལས་ཨུ་ཡོན་ལྷན་ཁང་པེ་ཅིང་དུ་བཙུགས་ཤིང་། ཆེད་ལས་ཨུ་ཡོན་ལྷན་ཁང་གིས་རང་རྒྱལ་གྱི་གསོ་རིག་འདྲ་འཁྲིད་སློབ་གསོ་ལྟེ་གནས་འཛུགས་སྐྲུན་དང་། སློབ་ཚན་བཀོད་སྒྲིག དགེ་རྒན་གསོ་སྐྱོང་། ཞིབ་དཔྱད་དཔྱད་དཔོག གཉེར་སྐྱོང་དོ་དམ། ཞིབ་དཔྱད་ངོས་འཛིན་ཁས་ལེན་སོགས་ཀྱི་གནད་དོན་ཐད་ཞིབ་འཇུག་དང་གྲོས་བསྡུར་བྱས་ཏེ་རང་རྒྱལ་གྱི་གསོ་རིག་འདྲ་འཁྲིད་སློབ་གསོ་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

    ཀྲུང་གོ་གསོ་རིག་སྨན་རྫས་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡུས་ཕུའུ་ཡིས་སྤྱི་ཚོགས་ཡར་ཐོན་དང་གསོ་རིག་སློབ་ཁྲིད་ཀྱི་བླང་བྱ་མཐོ་རུ་འགྲོ་བ་དང་བསྟུན་ནས་ནད་པའི་ལུས་ཐོག་ཏུ་ནད་ཐོག་སྨན་བཅོས་ལག་རྩལ་སྦྱོང་བ་དང་ཚོད་ལྟ་བྱེད་པའི་ཐད་དཀའ་ངལ་དང་སྐྱོན་ཆ་ཐོན་མང་དུ་འགྲོ་གི་ཡོད་པ་དཔེར་ན། མི་ཆོས་ཀྱི་ཀུན་སྤྱོད་བླང་བྱ་དང་ནད་པའི་ཁེ་ཕན་དང་མི་མཐུན་པ་དང་། ནད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་དང་མི་མཐུན་པ། སློབ་ཁྲིད་ཚོད་ལྟ་བྱེད་ཆོག་པའི་ནད་པའི་གྲངས་འབོར་མི་འདང་བ། སྨན་པ་དང་ནད་པའི་དབར་གྱི་རྩོད་གཞི་ཉིན་རེ་བཞིན་མང་དུ་འགྲོ་བ་ལས་དགེ་རྒན་གྱི་སློབ་ཁྲིད་ཧུར་བརྩོན་རང་བཞིན་མི་འདང་བ་སོགས་རེད། དེར་བརྟེན་ཚན་རིག་དང་མཐུན་པ་དང་དེ་བས་ནུས་ལྡན་གྱི་སློབ་ཁྲིད་བྱ་ཐབས་འཚོལ་ཞིབ་བྱ་རྒྱུ་དེ་ཁ་ཚ་དགོས་གཏུག་དང་མ་བྱས་ཐབས་མེད་དུ་གྱུར་ཡོད་ཅེས་བཤད།

    ཀྲུང་གོ་གསོ་རིག་སྨན་རྫས་སློབ་གསོ་མཐུན་ཚོགས་གསོ་རིག་འདྲ་འཁྲིད་སློབ་གསོ་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་པེ་ཅིང་སློབ་ཆེན་གསོ་རིག་པུའི་ཀྲུའུ་རེན་གཞོན་པ་ཝང་ཝུའེ་མིན་གྱིས་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་གསོ་རིག་སློབ་གསོའི་འདྲ་འཁྲིད་གསོ་སྦྱོང་ལ་ལོ་100ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་པ་དང་། རང་རྒྱལ་འདི་ཉིད་རྗེས་སུ་ལག་ལེན་བསྟར་མཁན་ཁོངས་སུ་གཏོགས་ཡོད། ཆེད་ལས་ཨུ་ཡོན་ལྷན་ཁང་གིས་སླད་ཕྱིན་རིག་གཞུང་སྤེལ་རེས་ལས་སྟེགས་འཛུགས་པ་དང་ཚད་གཞི་བཟོས་ཏེ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། དེས་མ་ཚད་རྣམ་པ་སྣ་ཚོགས་ཀྱི་གསོ་རིག་དཔེ་ལད་སློབ་གསོ་རྒྱུན་མཐུད་སློབ་གསོའི་གསོ་སྦྱོང་སློབ་ཚན་འཁྲིད་དེ་དགེ་རྒན་གྱི་སློབ་ཁྲིད་འདུ་ཤེས་གསར་བརྗེ་དང་དགེ་རྒན་གྱི་སློབ་ཁྲིད་བྱེད་ནུས་ཆེ་རུ་བཏང་ཐོག་དེང་རབས་སློབ་གསོའི་ལག་རྩལ་དེ་གསོ་རིག་འདྲ་འཁྲིད་སློབ་གསོའི་ནང་བཀོལ་སྤྱོད་བྱ་རྒྱུ་གསར་གཏོད་བྱས་ནས་གསོ་རིག་འདྲ་འཁྲིད་སློབ་གསོ་རྒྱུན་བསྲིང་འཕེལ་རྒྱས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།