དབུ་ཤོག>གསར་འགྱུར།
  • ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན་དང་རྫོང(ཆུས)ཨུད་ཀྱི་བོད་སྐྱོར་རྒྱུན་ལས་ཧྲུའུ་ཅི་གཞོན་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-18

    ཚེས་14ཉིན་གྱི་ཕྱི་དྲོ་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན་དང་རྫོང(ཆུས)ཨུད་ཀྱི་བོད་སྐྱོར་རྒྱུན་ལས་ཧྲུའུ་ཅི་གཞོན་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་སློབ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ ཀྲུའུ་རེན་པད་མ་འཕྲིན་ལས། ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བཅས་ཀྱི་ཚབ་ཞུས་ནས་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན་དང་རྫོང(ཆུས)ཨུད་ཀྱི་བོད་སྐྱོར་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།

    ཝུའུ་དབྱིང་ཅེས་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་བོད་སྐྱོར་ལས་དོན་འགོ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་འགན་ལེན་གལ་ཆེན་ཞིག་རེད། བོད་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན་དང་རྫོང(ཆུས)ཨུད་ཀྱི་བོད་སྐྱོར་རྒྱུན་ལས་ཧྲུའུ་ཅི་གཞོན་པས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་བོད་ཀྱི་ལོ་རྒྱུས་རིག་གནས་ཤེས་བྱ་དང་ཏང་གི་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་ལས་གནས་མགྱོགས་མྱུར་གོམས་ཐུབ་པ་བྱེད་དགོས་པ་དང་། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འདུ་ཤེས་འཛུགས་པ། སྒྱུར་འཕེལ་བརྟན་གསུམ་གྱི་འགག་རྩའི་ལྷུ་ཚིགས་དང་གཙོ་གནད་ལས་འགན་ལ་དམིགས་པ། བོད་སྐྱོར་ལས་དོན་གྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ་བཅས་བྱས་ཏེ་བོད་སྐྱོར་གྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པ།“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་གཏོང་བ་དང“ལྡན་པ་གསུམ་དང་མི་སྐྲག་པ་བཞི”མཐའ་འཁྱོངས་བྱས་ཏེ་བོད་ལ་གཞི་ཚུགས་པ་དང་མི་དམངས་ལ་ཞབས་འདེགས་ཞུས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས་པ། འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཐོན་ལས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཁག་གཅིག་བོད་ལ་མ་དངུལ་འཇོག་རྒྱུར་ཡིད་དབང་འགུག་པ། ཤང་གྲོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་རོགས་སྐྱོར་བྱ་ཡུལ་གྱི་རང་གིས་རང་འཕེལ་རྒྱས་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”ལག་བསྟར་མཐའ་གཅིག་ཏུ་བྱས་ནས་རང་རྟོགས་ངང་ཏང་གཤིས་བློ་སྦྱོང་དང་སྤྱོད་ཚུལ་བཟང་པོ་འཇགས་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གཟུགས་པོར་བདག་གཅེས་བྱས་ནས་བདེ་འཇགས་ཀྱི་འདུ་ཤེས་འཛུགས་དགོས་པ་བཅས་བྱེད་དགོས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔ་ཕྱི་བར་གསུམ་དུ་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣ་ནོར་བུར་བརྩིས་ནས་ཐུགས་ཁུར་གཅེས་སྐྱོང་བྱེད་པ་དང་སློབ་གསོ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ་ཁོང་ཚོར་བྱ་གཞག་སྒྲུབ་པ་དང་ཤེས་བྱ་ངོམས་སའི་ལས་སྟེགས་མཁོ་འདོན་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།