“ཉེ་བའི་ལོ་གཅིག་རིང་ལེའོ་ཉིང་གི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་དང་པོ་དང་སྨན་ཁང་དབར་མཉམ་ལས་བྱས་ནས་སྒོ་བསྟེན་དང་དོས་དྲག་ཁང་གི་ནད་པ་4600ལྷག་ཙམ་ལ་སྨན་བཅོས་དང་། སྨན་ཁང་དུ་སྡོད་པའི་ནད་པ་680ལྷག་ཙམ་ལ་སྨན་བཅོས། གཤགས་བཅོས་130ཙམ་བཅས་བྱས་པས་སྨན་ཁང་གི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད”ཅེས་ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་རུས་ནད་ཕྱི་ནད་ཚན་ཁག་སྨན་པ་ཡོན་ལེང་གིས་གསར་འགོད་པར་བཤད་བྱུང་།
ནག་ཆུ་ས་ཁུལ་མི་དམངས་སྨན་ཁང་ལྟར་རོགས་སྒྲིག་རྣམ་པའི་བོད་སྐྱོར་གྱི་ཕན་པ་ཐོབ་པའི་རང་ལྗོངས་ཀྱི་སྨན་བཅོས་སྒྲིག་གཞི་ད་དུང་མང་པོ་ཡོད།
2015ལོའི་ཟླ་8ཚེས་19ཉིན་ཚོགས་སྒྲིག་རྣམ་པའི་ཁག་དང་པོའི་བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་143ཙམ་གངས་ལྗོངས་ས་མཐོར་སླེབས་ཡོད། ལས་དོན་སྤེལ་ནས་ལོ་གཅིག་སོང་རིང་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་སྨན་ཁང་གི་སྒྲིག་སྲོལ་ལམ་ལུགས་771ཙམ་འཛུགས་པ་དང་འཐུས་ཚང་དུ་གཏོང་རོགས་དང་། ཡུལ་དེ་གའི་སྨན་དོན་མི་སྣ་292ལ་ཆ་སྒྲིག་རོགས་ཁྲིད། ནད་པ་མི་ཐེངས་ཁྲི་3ཙམ་ལ་སྨན་བཅོས། ལས་སྒོ་གསར་པ་དང་ལག་རྩལ་གསར་པ་342སྤེལ་བ། ནད་གཞི་འབྲིང་རིགས་300ལྷག་ཙམ་རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་ནས་ཐོན་མི་དགོས་པར་སྨན་བཅོས་བྱས་པས། སྒོ་བསྟེན་སྨན་བཅོས་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཉེ་བའི་ལོ་གཅིག་རིང་རང་སྐྱོང་ལྗོངས་ཀྱིས་སྨན་བཅོས་ཤེས་ལྡན་པའི་རོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་དེ་ཉིད“རྩ་འཛུགས་པུའུ་ཀྲང་གི་འདུ་འགོད”ལ་བརྩིས་ནས་དམ་འཛིན་བྱས་ཏེ་རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)རིམ་གཉིས་རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་ནས་ཁྱོན་ཡོངས་ལ་དམ་འཛིན་དང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དང་། འཕེལ་སྒྱུར། སློབ་གསོ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་གྱི་འགན་འཁྲི་ཁག་བགོས་ཀྱི་སྐུལ་འདེད་ལམ་སྲོལ་བཙུགས་ནས་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་། ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར། རོགས་སྐྱོར་བྱ་ཡུལ་སྨན་ཁང་བཅས་དབར་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་བཏང་བས་ལས་དོན་ཁག་ནུས་ཤུགས་ཡོད་རྒུ་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་ཡོད་པ་རེད།
དེ་དང་དུས་མཚུངས《སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》སོགས་སྲིད་ཇུས་དང་བྱེད་ཐབས་ཁག་ཞིབ་འཇུག་གཏན་འབེབས་བྱས་ནས་ལས་ཀའི་དམིགས་ཚད་དང་། ལས་འགན་གཙོ་བོ། ཞིབ་ཕྲའི་བྱེད་ཐབས་བཅས་ཁ་གསལ་དུ་བཏང་བས་སྨན་བཅོས་ཤེས་ལྡན་པའི་རོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྔར་བས་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་དེ་བས་ཡོང་བ་བྱས་པ་དང་།
《ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་རང་སྐྱོང་ལྗོངས་དང་ས་ཁུལ(གྲོང་ཁྱེར)ཁག་གི་མི་དམངས་སྨན་ཁང་གི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ཞིབ་འཇུག་གཏན་འབེབས་བྱས་ནས་སྨན་བཅོས་ཆེད་ལས་ཤེས་ལྡན་པ་ནང་འདྲེན་དང་། ཡུལ་དེ་གའི་སྨན་དོན་མི་སྣ་གསོ་སྐྱོང་། རོགས་སྐྱོར་ཐོབ་པའི་སྨན་ཁང་སྒྱུར་བཅོས། ཡོང་འབབ་བགོ་བཤའི་ལྕག་སྐུལ་གཅུན་འདོམས་ལམ་སྲོལ་འཐུས་ཚང་གཏོང་བ་སོགས་ཀྱི་སྲིད་ཇུས་ཐད་ཀྱི་རྒྱབ་སྐྱོར་བྱས་པ།
《ཞིང་འབྲོག་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་བཙའ་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་སྐབས་ལག་བསྟར་བྱ་ཐབས》གཏན་འབེབས་བྱས་ནས་འཐུས་ཚང་དུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་བཙའ་བའི་ཁ་གསབ་བྱ་དགའ་སྤྲོད་ཤུགས་ཆེ་རུ་བཏང་བ་དང་ཉེན་ཡོད་སྦྲུམ་མ་མྱུར་སྐྱོབ་བྱེད་ཐབས་འཐུས་ཚང་དུ་བཏང་བ།
《ཞིང་འབྲོག་ཁུལ་གྱི་མངགས་ཐོ་རྣམ་པའི་གནས་གཏན་འཁེལ་གྱི་སློབ་ཡོན་སྤྲོད་མི་དགོས་པའི་གསོ་རིག་སློབ་མ་གསོ་སྐྱོང་དོ་དམ་བྱེད་ཐབས》ཞིབ་འཇུག་བྱས་ནས་བཏོན་ཏེ་བགོ་བཤའ་དང་སྙོམས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་མངགས་ཐོ་རྣམ་པའི་གནས་གཏན་འཁེལ་ངང་གསོ་སྦྱོང་གི་གསོ་རིག་སློབ་མ་གཞི་རིམ་དུ་སྐྱོད་ཐུབ་པ་དང་། གོ་ཆོད་པ། གནས་ཐུབ་པ་བཅས་ཡོང་རྒྱུའི་འགན་ལེན་བྱས་པ།
ལས་ཀའི་སྐུལ་འདེད་ལམ་སྲོལ་བཙུགས་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་མཐོང་ཆེན་བྱས་ཏེ་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་བདེ་བླག་ངང་སྤེལ་བར་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་འགན་ལེན་ནུས་ལྡན་བྱས་པ་བཅས་རེད།
“ཧྲང་ཧའེ་གྲོང་ཁྱེར་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྒོ་བསྟེན་དང་དོས་དྲག་སྨན་བཅོས་བྱེད་རིང་ནད་པ་མི་ཐེངས་413ལ་སྨན་བཅོས་དང་། སྨན་ཁང་དུ་སྡོད་པའི་ནད་པ་མི་ཐེངས་11929ལ་སྨན་བཅོས། ལྷན་འཛོམས་ནད་དཔྱད་སྣ་ཚོགས་ཐེངས་453ནང་ཞུགས་པ། དོགས་གཞི་ཡོད་པ་དང་ནད་གཞི་ལྕི་རིགས་ལ་ནད་དཔྱད་གྲོས་བསྡུར་ཐེངས་846བྱས་པ། མི་ཐེངས་3282ལ་བརྙན་དཔར་བརྟག་དཔྱད་བྱས་པ། ནད་གཞི་ལྕི་རིགས་ཕོག་པའི་ནད་པ་མི་ཐེངས་187མྱུར་སྐྱོབ། སློབ་ཁྲིད་ནད་བཤེར་ཐེངས་831བྱས་པ། སྨན་བཅོས་ལག་རྩལ་དང་བཀོལ་སྤྱོད་སྒྲིག་སྲོལ་57ཚད་ལྡན་དུ་བཏང་བ། དམར་ཁྲིད་དང་སློབ་སྟོན་ཐེངས་45བྱས་པ་བཅས་རེད། དེ་ལྟར་བྱས་པས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་དོན་མི་སྣས་སྨན་བཅོས་བྱེད་ཐབས་དང་ལག་རྩལ་སྔར་བས་ཁོང་དུ་ཆུད་དེ་ཡུལ་དེ་གའི་ནད་ཐོག་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད”ཅེས་ཧྲང་ཧའེ་གྲོང་ཁྱེར་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཧྲའོ་ཀྲེ་མིན་གྱིས་གསར་འགོད་པར་བཤད་བྱུང་།
ཀོང་ཏུང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་སྨན་སློབ་ཞིབ་གསུམ་ཟུང་འབྲེལ་བྱས་ནས་སྐུལ་ལྕག་དང་། རྒྱབ་སྐྱོར། ཆ་རྐྱེན་གཏོད་པ་བཅས་བྱས་ཏེ་སློབ་ཁྲིད་བྱ་ཡུལ་རིག་གཞུང་ཚོགས་འདུ་དང་འབྲེལ་ཡོད་གསོ་སྦྱོང་ནང་ཞུགས་སུ་བཅུག་པ་དང་། མཐོང་རྒྱ་ཆེ་རུ་གཏོང་བ། ཕྱོགས་བསྡུས་ཤེས་ལྡན་པ་གསོ་སྐྱོང་། ནད་ཐོག་སྨན་བཅོས་ཀྱི་ཚན་ཞིབ་ལ་མཛུབ་ཁྲིད། ཚན་ཞིབ་འདུ་ཤེས་མཐོར་གཏོང་། རྒྱུན་མཐུད་སློབ་གསོའི་གསོ་སྦྱོང་སྤེལ་བ། “སྐར་གྲངས”རྒྱག་པའི་དཔྱད་ཞིབ་ལམ་ལུགས་འདྲེན་པ། རྒྱུན་མཐུད་སློབ་གསོའི་སྐར་རྒྱག་དཔྱད་ཞིབ་ཀྱི་ཚད་གཞི་དང་བྱ་དགའ་ཆད་གཅོད་ཀྱི་བྱེད་ཐབས་བཟོ་བ། རྒྱུན་མཐུད་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྨན་དོན་མི་སྣའི་བྱང་ཚད་མཐོ་རུ་བཏང་ཡོད།
ཁྲུང་ཆིང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ནད་རིགས་དཀར་ཆག་དང་རྒྱ་ཆེའི་ནད་པའི་དངོས་ཡོད་དགོས་མཁོ་གཞིར་བཟུང་ས་མཐོའི་ནད་དང་འབྲེལ་བའི་ཁྱད་ལྡན་ཆེད་ཚན་གཙོ་གནད་ཐོག་བཏོད་པ་དང་ནུས་ཤུགས་ཡོད་རྒུས་ཚན་རིག་སྣེ་ཁྲིད་པ་གསོ་སྐྱོང་བྱས་པས་གཙོ་གནད་ཆེད་ཚན་འཛུགས་སྐྱོང་ལས་དོན་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད། བྱིས་པའི་ཚན་ཁག་དང་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་སྟོབས་ཆེར་བཏང་བ་དང་ལས་ཕྱོད་ཆེ་རུ་བཏང་བས་མང་ཚོགས་ཀྱིས་ནད་གཞི་ལྕི་པོར་སྐྲག་སྣང་བྱེད་པའི་སེམས་པ་ཞི་ལྷོད་དུ་ཕྱིན་པ་དང“ནད་གཞི་ལྟ་དཀའ་བ་དང་ནད་གཞི་ལྕི་བ་དེ་བས་ལྟ་དཀའ་བའི”འཇུར་མིག་ཚོད་འཛིན་རིམ་བཞིན་སེལ་ཡོད། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ནད་པས་སྨན་ཁང་བརྗེ་སྤོ་རྒྱག་ཚད་ན་ནིང་གི་དུས་མཚུངས་ལས་20%ཆག་པ་དང་ནད་གཞི་ལྕི་པོ་ཕོག་མཁན་མྱུར་སྐྱོབ་བྱེད་ཚད་18%མཐོ་རུ་ཕྱིན་ཡོད།
རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཡུན་ཐིང་གིས་གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་དམིགས་ཚད་སྔར་བས་ཁ་གསལ་དུ་གཏོང་བ་དང་། ལས་འགན་ཞིབ་ཚགས་སུ་གཏོང་བ། སྤེལ་རེས་བྱེད་ཟབ་ཏུ་གཏོང་བ། མཐུན་སྦྱོར་ཧུར་ཐག་བྱེད་པ་བཅས་བྱས་ནས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཕྱོགས་ཡོངས་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། “ནད་གཞི་ལྕི་བ་བོད་ནས་སྨན་བཅོས་དང་། ནད་གཞི་འབྲིང་རིགས་ས་ཁུལ་དང་གྲོང་ཁྱེར་ནས་སྨན་བཅོས། ནད་གཞི་ཆུང་ངུ་རྫོང་དང་ཤང་ནས་སྨན་བཅོས”བཅས་ཐུབ་པ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་གཉིས་མཐོ་རུ་གཏོང་བ། དམངས་ཡོངས་ཀྱི་གཟུགས་པོར་རིན་མེད་བརྟག་དཔྱད་དང་། ནད་གཞི་ཡོད་ཕྱིན་སྨན་བཅོས་ཐུབ་པ། སྨན་ཁང་དུ་ཕྲུ་གུ་བཙའ་བ། ཡུལ་ནད་རིན་མེད་སྐྱོབ་བཅོས་བཅས་ཕྱོགས་ཡོངས་ལ་ཁྱབ་པ་བྱ་ཆེད་གྲུབ་འབྲས་གསར་པ་གཏོད་རྒྱུ་ཡིན་པ་རེད།