དབུ་ཤོག>གསར་འགྱུར།
  • བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཀའི་གསར་གཏོད་འགངས་ཆེན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2016-07-17

    ཆེད་དོན་སྨན་བཅོས་གསོ་སྦྱོང་ཐེངས་800ལྷག་ཙམ་བྱས་པ་དང་། སྨན་དོན་མི་སྣ་290ལྷག་ཙམ་ཁྲིད་རོགས་བྱས་པ། རོགས་སྐྱོར་བྱ་ཡུལ་གྱི་སྨན་ཁང་དུ་སྨན་བཅོས་ཆེད་ལས་ཚན་ཁག་51སྐྲུན་རོགས་བྱས་པ། ལས་སྒོ་གསར་པ་དང་ལག་རྩལ་གསར་པ་340ལྷག་ཙམ་གཞན་སྒྱུར་དང་ཁྱབ་གདལ་བཏང་བ། ནད་ཆེན་རིགས་50དང་ནད་རིགས་འབྲིང་ཆུང་300ལྷག་ཙམ་སྨན་བཅོས་བྱས་པར་ཚད་བརྒལ་མངོན་གསལ་དོད་པོ་བྱུང་ནས་སྨན་བཅོས་ཀྱི་སྟོང་ཆ་མང་པོ་གསབ་པ་སོགས་རེད།

    ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་མཉམ་དུ་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་བ་དང་། ན་ནིང་གི་ཟླ་8པར་དངོས་སུ་སྤེལ་འགོ་ཚུགས་ནས་ཀ་པ་རིམ་པ་གསུམ་པའི་སྨན་ཁང་94ཡི་རིགས་གཅིག་མཁས་ཅན་143གྱིས་རོགས་སྐྱོར་འཆར་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ལས་ཀའི་ལམ་སྲོལ་གསར་གཏོད་བྱས་པ། ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། རྒྱང་ཁྲིད་སྨན་བཅོས་དང་དེ་བཞིན་སློབ་ཁྲིད་ཧུར་ཐག་བྱས་པ། “1+7”གྱི་སྨན་ཁང་གི་རིམ་པ་གསར་གཏོད་བྱ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་པ། ས་གནས་དེ་གའི་སྨན་བཅོས་མི་སྣའི་ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་ཆེ་རུ་ཏན་ཏིག་བཏང་བ། ནང་སའི་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་བཅས་བྱས་ཏེ་སྔོན་ཐོན་གྱི་ལག་རྩལ་དང་འདུ་ཤེས་བོད་དུ་ཁྱབ་གདལ་བཏང་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྙིང་དབུས་ནས་བསྔགས་བརྗོད་དང་དགའ་གུས་ཞུས་ཡོད།

    སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གྱིས་ཀྲུང་དབྱང་གི་བླང་བྱ་དང་འཚམ་པ་དང་བོད་ཀྱི་དོན་དངོས་དང་འཚམ་པའི་སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་ལམ་བུ་ཞིག་ཐོག་བསྐྱོད་པ་དེ་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་74ཡི་སྨན་ཁང་གི་ཆུ་ཚད་གོང་མཐོར་གཏོང་བར་སྐུལ་ཁྲིད་ཐུབ་པ་དང“ནད་ཆེན་བོད་ནས་བཅོས་པ་དང་། ནད་འབྲིང་ས་ཁུལ་དང་གྲོང་ཁྱེར་ནས་བཅོས་པ། ནད་ཆུང་རྫོང་དང་ཤང་ནས་བཅོས་པ”བཅས་མངོན་འགྱུར་ཐུབ་པ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་2མཐོ་རུ་གཏོང་བ། དམངས་ཡོངས་ལ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་པ་དང་། ནད་ཕོག་ཚེ་སྨན་པ་བསྟེན་ས་ཡོད་པ། སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་བ། ས་གནས་ཀྱི་ནད་གཞི་རིན་མེད་སྨན་བཅོས་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ་བཅས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་དང་དེ་བཞིན་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་གིས་བརྩེ་བ་བཅངས་པ་དང་འགན་འཁྲི་འཁུར་ནས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱ་རྒྱུ་གོ་སྐབས་སུ་བརྩིས་ནས་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་པ་སྐྲུན་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།