དབུ་ཤོག>གསར་འགྱུར།
  • “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དུ་སྐྱེ་སྟོབས་རབ་ཏུ་འབར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-16

    ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་སྟེ། ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས་ཏང་ཙུའི་ཁོངས་མི་ཀྲང་པའེ་ཧྲང་གིས་གསར་འགོད་པར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀོང་ཏུང་ཞིང་ཆེན་ཚན་རྩལ་ཐིང་གིས་གཙོ་གནད་དེང་རབས་ཞིང་འབྲོག་ལས་སོགས་ཁྱད་ལྡན་ཐོན་ལས་ལ་རྒྱབ་སྐྱོར་བྱས་ནས། ལོ་3རིང་རྣམ་གྲངས་ཀྱི་འགྲོ་གྲོན་སྒོར་ཁྲི་845བཏང་སྟེ། ཐོན་ལས་འཕེལ་རྒྱས་ལག་རྩལ་གྱི་འཇུར་མིག་སེལ་བའི་ཆེད་དུ་སྤྱད་ཡོད་ཅེས་བཤད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀོང་ཏུང་ཞིང་ཆེན་དང་ཕུའུ་ཅན་ཞིང་ཆེན་གྱི་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་འོག ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་ལས་སྲོལ་རྒྱུན་གྱི་ཞིང་འབྲོག་ལས་ནས་དེང་རབས་ཅན་གྱི་ཞིང་འབྲོག་ལས་ལ་ཕྱོགས་སྒྱུར་བྱེད་པའི་གོམ་སྟབས་སྔར་བས་མགྱོགས་སུ་ཕྱིན་པ་དང་། ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་དང་ཞིང་འབྲོག་ལས་ལ་ཕན་འཕར་བྱུང་ནས། བོད་སྐྱོར་ཞིང་ཆེན་གྱི་ཞིང་ལས་འཕེལ་རྒྱས་ཀྱི་སྔོན་ཐོན་ཉམས་མྱོང་མིག་དཔེར་འཛིན་པའི་རྨང་གཞིའི་ཐོག ཉིང་ཁྲིའི་དོན་དངོས་གནས་ཚུལ་ལ་གཞི་ཚུགས་པ་དང་། ཀོང་ཏུང་ཞིང་ཆེན་དང་ཕུའུ་ཅན་ཞིང་ཆེན་གྱི་མ་དངུལ་རོགས་སྐྱོར་དང་། ཤེས་ལྡན་མི་སྣ་གསོ་སྦྱོང་། ལག་རྩལ་འདེགས་སྐྱོར་བཅས་ལ་བརྟེན་ནས་ཞིང་འབྲོག་ལས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པ་རེད།

    ཕུའུ་ཅན་ཞིང་ཆེན་རྒྱ་མཚོའི་ཉ་ལས་ཐིང་གི་རོགས་རམ་འོག 2012ལོའི་ཟླ་9ཚེས་3ཉིན་ཉིང་ཁྲི་གྲོང་ཁྱེར་ཉ་ལས་སྲིད་འཛིན་ཁྲིམས་འཛིན་ཉིང་ཁག་རུ་ཁག་སྒོ་བྱང་བཀལ་ནས་བཙུགས་པ་དང་། དེས་རང་ལྗོངས་སུ་ཉ་ལས་སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞི་མེད་པའི་སྟོང་ཆ་བསྐངས་ནས། ཉིང་ཁྲི་གྲོང་ཁྱེར་གྱི་ཆུ་ཁོངས་ཉ་ལས་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། དུས་མཚུངས་རང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་སྲོག་ཆགས་སོན་རིགས་ཐོན་ཁུངས་སྲུང་སྐྱོང་ཁུལ་ཏེ། བྲག་གསུམ་མཚོ་ཁོ་ནར་ཡོད་པའི་ཉའི་རིགས་ཀྱི་རྒྱལ་ཁབ་རིམ་པའི་ཆུ་ཐོན་སྲོག་ཆགས་སོན་རིགས་ཐོན་ཁུངས་སྲུང་སྐྱོང་ཁུལ་དང་པོ་དེ་བཙུགས་ནས། བྲག་གསུམ་མཚོ་ཁོ་ནར་ཡོད་པའི་ཉའི་རིགས་ཀྱི་རང་བྱུང་དངོས་རིགས་ཀྱི་སྲོག་ཆགས་སོན་རིགས་ཐོན་ཁུངས་ཀྱི“འགྱིན་མཛོད”སྲུང་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ནས། སྲུང་སྐྱོང་ཁུལ་ཉེ་འགྲམ་ས་ཁུལ་གྱི་དཔལ་འབྱོར་དང་སྣོད་བཅུད་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུར་ནུས་པ་ཆེན་པོ་བཏོན་པ་རེད།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཀོང་ཏུང་ཞིང་ཆེན་ཞིང་ལས་ཐིང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་353གྲབས་གསོག་བྱས་ནས། འཇར་མན་དང་དབྱིན་ཇི་ནས་སྔོན་ཐོན་གྱི་ཐོན་སྐྱེད་སྒྲིག་ཆས་ནང་འདྲེན་བྱས་པ་དང་འབྲེལ། དོ་དམ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་རང་ལྗོངས་ཀྱི་འབྲི་གཡག་དང་། བ་གླང་། བོད་ཕག་སོགས་སོན་རིགས་ཐོན་ཁུངས་ཧྲག་སྒྲུག་སོར་ཆུད་བྱེད་པའི་ལག་རྩལ་འགན་ལེན་བྱས་པ་དང་། དུས་རབས་གོང་མའི་ལོ་རབས་60པའི་ནང་བཙུགས་པའི་བོད་ཀྱི་སྒོ་ཕྱུགས་ཀྱི་རྒྱུད་བཟང་གསོ་སྤེལ་ས་ཚིགས་ཀྱི་སྒྲིག་ཆས་གསར་སྒྱུར་བྱས་པ་དང་འབྲེལ། བོད་སྐྱོར་མ་དངུལ་སྒོར་ཁྲི་295གྲབས་གསོག་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཚད་ལེན་ལྟེ་གནས་ཀྱི་ད་ཡོད་ཚོད་ལྟ་ཁང་ཡང་བསྐྱར་བཀོད་སྒྲིག་དང་ནུས་པ་འཆར་འགོད་བྱས་པ་རེད།

    ཀོང་ཏུང་ཞིང་ཆེན་ཞིང་ལས་ཐིང་གི་བོད་སྐྱོར་ལས་བྱེད་པ་ཁྲེན་ཅན་ཅུན་གྱིས《2014ནས་2018ལོའི་བར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་མ་ལག་འཛུགས་སྐྲུན་གྱི་འཆར་འགོད་》སྒྲིག་འཛུགས་བྱས་ནས་རྩོམ་འབྲི་བྱས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཞིབ་དཔྱད་མ་ལག་འཛུགས་པའི་དམིགས་ཡུལ་དང་ལས་འགན་ཐོག་མར་ཁ་གསལ་བཟོས་པས། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་མ་ལག་གི་སྟོང་ཆ་བསྐངས་ཡོད། མིག་སྔར། ཉིང་ཁྲི་གྲོང་ཁྱེར་དུ་ཁྱོན་ཐོན་རྫས་ཁག(ཡང་ན་ཐོན་ཡུལ)17ལ། ཞིང་ལས་པུའི“ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཐོན་རྫས་ཀྱི་བདེན་དཔང་ཐོབ(ཡང་ན་ཐོན་ཡུལ་ངོས་འཛིན་བྱས་པ)ནས། རང་སྐྱོང་ལྗོངས་ཀྱི་བདེན་དཔང་ཐོན་རྫས་རིགས་19ཡི་89.47%བཟུང་ཡོད་པ་རེད།

    ཕུའུ་ཅན་ཞིང་ཆེན་རྒྱ་མཚོའི་ཉ་ལས་ཐིང་གི་རོགས་རམ་འོག 2011ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་རིམ་པ་མཐོ་ཤོས་ཀྱི་ཉ་ལས་སྐྱེ་འཕེལ་དང་ཆུར་གློད་པའི་བྱེད་སྒོ་གཉེར་བ་དང་། 2014ལོའི་ཟླ་8དང་2015ལོའི་ཟླ་10པར་ཉིང་ཁྲི་རྫོང(བྲག་ཡིབ་ཆུས)བུ་ཆུ་ཤང་རྡོ་སྟེང་གྲོང་ཚོ་དང་བྲག་ཡིབ་གྲོང་རྡལ་གྱིས་ཉང་ཆུའི་ངོགས་སུ། སླར་ཡང་མི་ཐབས་ལ་བརྟེན་ནས་ཉ་སྐྱེ་འཕེལ་དང་ཆུར་གློད་པའི་བྱེད་སྒོ་སྤེལ་བའི་ཁྲོད། ཉ་ཕྲུག་ཁྲི་160ཆུར་གློད་དེ་ཡར་ཀླུང་གཙང་པོ་དང་ཉང་ཆུའི་ཆུ་སྐྱེས་སྐྱེ་དངོས་ཁྱུ་ཚོགས་མགྱོགས་མྱུར་གསབ་ཐུབ་པ་བྱས་ནས། ཆུ་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་ཐད་ལེགས་སྐྱེས་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།