བགྲེས་སོང་མང་པོ་ཞིག་གིས་སོ་ཚབ་བསྒར་ཡོད་པས་གལ་ཏེ་སོ་ཚབ་ཐོག་གི་དྲེག་པ་སོ་སྨན་ལ་སོགས་པའི་རིགས་ཀྱིས་གཙང་མ་བཀྲུ་མི་ཐུབ་པ་དང་ལྷག་པར་དུ་ཐ་མག་འཐེན་མཁན་བགྲེས་སོང་གི་སོ་ཚབ་འཁྲུ་ཁག་པོ་ཡོད། སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན། དུག་སེལ་སྨན་ཁུ་84ཡི་ནང་སོ་ཆས་སྦངས་ན་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་སྟེ། སོ་ཚབ་དཀར་ཡོལ་ནང་བླུགས་ནས་གར་ཚད་1:200ཡི་དུག་སེལ་སྨན་ཁུ་བླུགས་ནས་མཚན་གཅིག་སྦངས་རྗེས་ཉིན་གཉིས་པའི་ཞོགས་པ་ཆུ་གཙང་མས་སོ་ཚབ་བཀྲུ་དགོས། དེ་ལྟར་བྱས་ཚེ་སོ་ཚབ་དུག་སེལ་བྱེད་ཐུབ་པ་མ་ཟད་སོ་ཚབ་ཐོག་གི་དྲེག་པ་ཚང་མ་གཙང་དག་ཡོང་ཐུབ།