དབུ་ཤོག>གསར་འགྱུར།
  • ཇོ་མོ་གླང་མའི་རི་འདབས་སུ་ཕྱུག་འགྱུར་མེ་ཏོག་རྣམ་པར་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-15

    “ལོ་ལྔ་ཚན་བཅུ་གཉིས་པ”ཤར་ཚུན། ཞིང་ལས་པུའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དང་ཧྲང་ཧའེ་དང་། ཧྲན་ཏུང་། ཧེ་ལུང་ཅང་། ཅི་ལིན་བཅས་ཞིང་ཆེན་དང་གྲོང་ཁྱེར་4ཡི་ཁ་གཏད་རོགས་སྐྱོར་འོག་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་དང་ཞིང་འབྲོག་པའི་ཡོང་འབབ་མཐོ་རུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ་དང་། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་བ་དང་ཞིང་འབྲོག་ཐོན་ཟོག་མཁོ་སྤྲོད་ཐུབ་པ་བཅས་དམིགས་ཚད་དུ་བརྩིས་ཏེ་འབྲུ་རིགས་བདེ་འཇགས་དང་ལྷག་པར་དུ་ནས་དང་། འབྲོག་ལས། རྩྭ་ཐང་སྣོད་བཅུད། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བཅས་བདེ་འཇགས་ཡོང་བའི་འགན་ལེན་བྱས་ནས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད་པ་རེད།

    འདས་ཟིན་པའི་ལོ་5ཡི་རིང་། རིམ་རྩིས་བྱས་ན་གཞིས་རྩེ་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.15ཟིན་པའི་ཞིང་ལས་རོགས་སྐྱོར་རྣམ་གྲངས་66ལག་བསྟར་བྱས་པ་དང་། ཞིང་འབྲོག་ལས་ཀྱི་བོད་སྐྱོར་དོ་དམ་ལས་བྱེད་པ་དང་ལག་རྩལ་མི་སྣ་86བཀོལ་སྤྱོད་བྱས་པ། ས་གནས་དེ་གའི་ཞིང་འབྲོག་ཚན་རྩལ་མི་སྣ་མི་ཐེངས་800ལྷག་ཙམ་གསོ་སྦྱོང་བྱས་ཡོད། ཞིང་ལས་བོད་སྐྱོར་གྱིས་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་བསམ་ཕྱོགས་དང་བསམ་གཞི་གསར་པ་འཁྱེར་ཡོང་བ་དང་གསོན་ཤུགས་གསར་པ་བསྣན་པས་ཕྱོགས་ཡོངས་ནས་ཞིང་འབྲོག་ལས་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

    ཞིང་འབྲོག་ལས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་བརྟན་པོའི་ངང་འཕར་ནས། ཞིང་འབྲོག་ཐོན་ཟོག་གཙོ་བོ་མཁོ་སྤྲོད་འདང་ངེས་ཐུབ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཞིང་། ཐོན་མཐོའི་གསར་གཏོད་དཔེ་སྟོན་དང་ཞིང་འཕྲུལ་ལས་སྒྲུབ་སོགས་ཕྱོགས་བསྡུས་བྱེད་ཐབས་དོན་འཁྱོལ་བྱས་པ་དང་། ནས་སོན་གསར་པ“བོད་ནས་ཨང་2000”དང“ཧི་མ་ལ་ཡ་ཨང་22”སོགས་ཁྱབ་གདལ་ཤུགས་ཆེན་བཏང་བས་ལོ་མང་བསྟུད་མར་ལོ་ལེགས་བྱུང་ཡོད། 2015ལོར་འབྲུ་རིགས་དང་བཟའ་སྣུམ་ཐོན་ཚད་ཏུན་ཁྲི་41.61དང་། སྔོ་ཚལ་ཐོན་འབོར་ཏུན་ཁྲི་32.95གཟན་ཆག་ཐོན་འབོར་ཏུན་ཁྲི་20.68ཟིན་ནས“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་ཏུན་ཁྲི་4.39དང་། 2.83 7.38བཅས་སོ་སོ་འཕར་ཡོད། གྲོང་གསེབ་ཀྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7402ཟིན་ནས“ལོ་ལྔ་ཚན་བཅུ་གཅིག་པའི”དུས་མཇུག་དང་བསྡུར་ན་75%འཕར་ཡོད་པ་རེད།

    ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་འགྲོ་ཚུལ་མྱུར་པོ་ཡོད་པ་དང་ཞིང་འབྲོག་ཁུལ་གྱི་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་མྱུར་པོ་ཕྱིན་ཞིང་། སྤུས་ལེགས་ཀྱི་འབྲུ་སྣུམ་དང་། སྔོ་ཚལ། ཞོག་ཁོག་བཅས་དང་ཡུལ་ལུག་དང་། བཞོན་མ། བོད་བྱ། ནགས་ཁྲོད་ཐོན་ཁུངས། གྲོ་མོའི་ཉ་སོགས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རིམ་བཞིན་རྒྱ་སྟོབས་ཆེ་རུ་ཕྱིན་ཡོད། 2015ལོར། སྣེ་འདྲེན་ཁེ་ལས་17གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.9ཟིན་པ་དང་། ཁེ་བཟང་སྒོར་ཁྲི་6500བྱུང་བ། མི་ཐེངས་1562ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་676མང་དུ་ཕྱིན་པ་དང་། དུད་ཚང་ཁྲི་2.68དེའི་ནང་ཞུགས་པ། དུད་ཚང་ཁྲི་1.79ལ་ཁྱབ་འགྱེད་སྣེ་ཁྲིད་ཐུབ་ཡོད་པ་རེད།

    ཞིང་འབྲོག་ལས་ཀྱི་ཚན་རྩལ་ཁྱབ་གདལ་ཡོངས་ཁྱབ་བྱུང་ནས་ཚན་རྩལ་བེད་སྤྱོད་བྱེད་ནུས་ཆེ་རུ་ཕྱིན་ཞིང་། 2015ལོར། ནས་སོན་གསར་པ་ཁྱབ་ཚད་85%ཡན་ཟིན་པ་དང་། ཆ་སྙོམས་བྱས་ན་ཞིང་ལས་སྐྱེ་དངོས་ཀྱི་མུའུ་རེའི་ཐོན་ཚད་10%མཐོ་རུ་ཕྱིན་པ། སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་པ་ལེགས་སུ་གཏོང་བའི་མ་ལག་རགས་ཙམ་ཆགས་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། གྲོང་ཁྱེར་ཡོངས་སུ་ཞིང་འབྲོག་ཆེད་ལས་ལག་རྩལ་པ་958དང་ཚན་རྩལ་ཆེད་མངགས་པ་2019ཡོད། ཞིང་འབྲོག་ལས་ཀྱི་ཚན་རྩལ་ལེགས་སྐྱེས་འབུལ་ཚད་43%ཡན་ཟིན་གྱི་ཡོད་པ་རེད།

    ལོ་5ཡི་རིང་། ཧྲང་ཧའེ་བོད་སྐྱོར་གྱིས་རྒྱལ་རྩེ་རྫོང་གི“གྲོག་རོང་དམར་པོའི”དེང་དུས་ཞིང་ལས་དཔེ་སྟོན་ཁུལ་དང་། ལྷ་རྩེ་རྫོང་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་། གྲོ་མོའི་ཁྱད་ལྡན་ཐོན་ལས་གླིང་སོགས་དེང་དུས་ཞིང་ལས་གླིང་གཙོ་གནད་དུ་ལག་བསྟར་བྱས་ཏེ། ནས་སོན་ལས་སྣོན་ཞིབ་ཚགས་དང་། ཤ་མོ་འདེབས་གསོ་ཁྱབ་གདལ། གྲོ་མོའི་ཉ་གསོ་ཚགས། གྲོ་མོའི་མོག་རོ་ནག་པོ་འདེབས་འཛུགས་སོགས་ཁྱད་ལྡན་རྣམ་གྲངས་འཕེལ་རྒྱས་མྱུར་པོ་བཏང་ཡོད། ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་གྱིས་པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྔོ་ཚལ་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཞིང་ལས་འཕྲུལ་ཆས་ཅན་དང་ཆ་འཕྲིན་ཅན་ལ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་པ་སྣམ་གྱི་ཇོ་མོ་གླང་མའི་ཞིང་འཕྲུལ་ཀུང་སི་དང་ཞིང་འབྲོག་ལས་ཆ་འཕྲིན་ཅན་གྱི་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཧེ་ལུང་ཅང་གི་བོད་སྐྱོར་གྱིས“སྣོད་བཅུད་ཀྱི་ཁྱིམ་གཞིས། སྐྱེ་ལྡན་གྱི་ཞིང་ཁམས”འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། 2015ལོར་གཅིག་སྡུད་དང་ཐེངས་གཅིག་ལ་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་18“རྒྱལ་ཁབ་རིམ་པའི་སྐྱེ་ལྡན་དཔང་བདེན་ར་སྤྲོད་དཔེ་སྟོན་གསར་གཏོད་གླིང”ལ་འདུན་ཞུ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།