དབུ་ཤོག>གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་གྱིས་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པར་དགའ་བསུ་ཞུ་བའི་བཞུཌ་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-15

    ཚེས་13ཉིན་གྱི་ཕྱི་དྲོ་ཆབ་མདོ་གྲོང་ཁྱེར་གྱིས་ཐེན་ཅིང་དང་། ཁྲུང་ཆིང་། ཕུའུ་ཅན་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པར་དགའ་བསུ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་དང་ཕུའུ་ཅན་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཏང་ཙུའི་ཁོངས་མི་ཧོང་ཆི་ཡུས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ནོར་བུ་དོན་གྲུབ་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ཉི་ཤུ་འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་གཞིར་བཟུང་དེ་གོང་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་མཁན“གྲོང་ཁྱེར་གཉིས་དང་ཁེ་ལས་དྲུག”ཡོད་པའི་རྨང་གཞིའི་ཐོག་ཕུའུ་ཅན་ཞིང་ཆེན་འདི་ཉིད་ཆབ་མདོར་ཁ་གཏད་རོགས་སྐྱོར་བྱེད་པར་བསྒྱུར་རྒྱུ་དང་ཆབས་ཅིག་ལོ་ལྟར་པེ་ཅིང་དང་། ཅང་སུའུ། ཀོང་ཏུང་བཅས་ཀྱི་བོད་སྐྱོར་མ་དངུལ་ཁྲོད་ནས་བཞི་ཆ་གཅིག་ཆབ་མདོ་འཕེལ་རྒྱས་དང་འཛུགས་སྐྲུན་བྱ་རྒྱུར་སྤྱོད་རྒྱུ་གཏན་འཁེལ་བྱས་པ་ལས“ཞིང་ཆེན་གསུམ་དང་། གྲོང་ཁྱེར་གསུམ། ཁེ་ལས་དྲུག”བཅས་ཀྱི་ཆབ་མདོར་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་སྟངས་ཤིག་ཆགས་ཡོད་ཅེས་གསུངས་པ་རེད།

    ནོར་བུ་དོན་གྲུབ་ཀྱིས་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཚོས་གནས་ཚུལ་རྒྱུས་མངའ་དང་རང་འགན་ཞིབ་རྟོགས་བྱས་པའི་རྨང་གཞིའི་ཐོག་ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཧྲིལ་པོར་དམིགས་ནས་ལས་དོན་གསར་གཏོད་རང་བཞིན་ལྡན་པའི་ངང་སྤེལ་རྒྱུ་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་རྒྱབ་སྐྱོར་སྔར་བས་མང་པོ་བྱས་ཏེ་བོད་སྐྱོར་ལས་བྱེད་པའི་རྒྱབ་ཕྱོགས་སེམས་ཁྲལ་སེལ་རྒྱུ། དེ་དང་ཆབས་ཅིག་ཆབ་མདོར་སྔར་རྒྱུན་བཞིན་མཐོང་ཆེན་དང་། སེམས་ཁུར། རྒྱབ་སྐྱོར་བཅས་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཕེབས་སྐྱེལ་ཚོགས་པས་བོད་སྐྱོར་ལས་བྱེད་པ་ཚོར་རང་འགན་སེམས་སུ་བརྟན་པོར་ངེས་ནས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པ་དང་། སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་ཉིད་ཀྱི་འཇོན་ཐང་འཕེལ་བར་བྱེད་པ་དང་རང་ཉིད་ཀྱི་ནུས་པ་ཆེ་རུ་འགྲོ་ཐབས་བྱེད་དགོས། ལས་འགན་འཁུར་ཕོད་པ་བྱས་ནས་ལེགས་སྐྱེས་མང་ཙམ་འབུལ་དགོས། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཡིན་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་བོད་སྐྱོར་ལས་བྱེད་པའི་རྒྱབ་རྟེན་ཡག་པོ་བྱེད་པ་དང་། བོད་ལ་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལས་དོན་སྤེལ་སྟངས་གསར་གཏོད་བྱེད་པ་བཅས་བྱས་ནས་ཁ་གཏོད་རོགས་སྐྱོར་བྱ་ཡུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། མིག་མཐོང་ལག་འཛིན་གྱི་བྱ་བ་དངོས་བསྒྲུབས་ནས་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ལ་སྒྱུར་བཅོས་སྒོ་དབྱེ་དང་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།