དབུ་ཤོག>གསར་འགྱུར།
  • ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་ཀའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-15

    2013ལོའི་ཟླ་6པར་ཏའེ་ཅིན་པིན་གྱིས་རུ་སྣེ་ཁྲིད་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་མཛེས་པའི་ཤར་རྒྱ་མཚོའི་འགྲམ་ནས་རྡོག་ཐོན་གྱིས་གངས་ལྗོངས་ས་མཐོར་ཆས། ལོ་གསུམ་ནང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་འབྲེལ་ཡོད་ཀྱི་བཀོད་སྒྲིག་ལ་གཞིགས་ནས། བོད་སྐྱོར་ལས་ཀའི་འགོ་ཚུགས་ས་གསར་པར་དབྱེ་ཞིབ་ཀྱིས་བོད་སྐྱོར་ལས་ཀའི་འདུ་ཤེས་གསར་པ་འཚོལ་ཞིབ་བྱས་ཁར། བོད་སྐྱོར་ལས་ཀའི་བྱ་ཐབས་གསར་པ་བཏོད་པས། བོད་སྐྱོར་ལས་ཀར་མཆོང་སྐྱོད་གསར་པ་བྱུང་ནས་གཞིས་རྩེར་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་གསར་པ་ཞིག་བྱུང་བ་རེད།

    ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གི་རུ་སྣེ་ཁྲིད་མཁན་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཏའེ་ཅིན་པིན་གྱིས“སློབ་གསོ་ནི་དམངས་འཚོ་ཆེ་ཤོས་ཡིན་པ་དང་། སློབ་གསོའི་བོད་སྐྱོར་ནི་རྩ་བར་རོགས་སྐྱོར་བྱས་ནས་ཕན་པ་མི་རབས་མང་པོར་འཇོག་པའི་བྱ་བ་ཞིག་ཡིན”ཞེས་རྟག་ཏུ་ཤོད་ཀྱི་ཡོད།

    དེར་བརྟེན། ཧྲང་ཧའེ་ཡི་བོད་སྐྱོར་ལས་དོན་རུ་ཁག་གིས་འགངས་ཆེ་ཞིང་ལྷུ་ཚིགས་ཞན་པའི་དམངས་འཚོའི་ལས་དོན་ཏེ་སློབ་གསོར་དམ་པོར་བཟུང་ནས་མ་དངུལ་གྱིས་བོད་སྐྱོར་བྱ་རྒྱུ་དེ་རིག་སྟོབས་དང་། ཤེས་ལྡན་པ། ཤེས་བྱའི་ཐོག་ནས་བོད་སྐྱོར་བྱ་རྒྱུར་བསྒྱུར་ནས། འབྱུང་འགྱུར་བོད་ལ་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་བཞག་ཡོད།

    དམངས་འཚོ་རྩ་བར་བཟུང་བ།

    བཅར་འདྲི་བྱེད་སྐབས། ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྒྱལ་རྩེ་དང་། གྲོ་མོ། ལྷ་རྩེ། ས་སྐྱ། དིང་རི་བཅས་རྫོང་ལྔའི་སློབ་གྲྭ་འབྲིང་ཆུང་དང་ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་གཅིག་དབར་ཆ་སྒྲིག་མཉམ་སྐྲུན་འབྲེལ་བ་བཙུགས་པར་བརྟེན་བོད་སྐྱོར་ལས་ཀ་གཞི་རིམ་ལ་ཕྱོགས་ཐུབ་པ་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་སེམས་ནུས་མང་པོ་ཞིག་སློབ་གསོའི་བོད་སྐྱོར་ལ་བཏོན་ནས། སློབ་ཁྲིད་ཆ་རྐྱེན་ཞན་པའི་སློབ་ཚན་གྱི་དཀའ་གནད་བསལ་ནས་་སློབ་ཁྲིད་སྤུས་ཚད་མཐོ་རུ་བཏང་བ་གསར་འགོད་པས་ཤེས་བྱུང་།

    ད་དུང་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་རིག་སྟོབས་བོད་སྐྱོར་ལ་བརྟེན་ནས་ལོ་གསུམ་ནང་ས་གནས་སུ་འཕྲོད་བསྟེན་དང་སློབ་གསོའི་ཆེད་ལས་ཤེས་ལྡན་པ་ཁག་45ཡི་མི་ཐེངས་364ཧྲང་ཧའེ་ལ་སློབ་སྦྱོང་གསོ་སྦྱོང་བྱེད་པར་བཏང་བ་མ་ཟད། ཧྲང་ཧའེ་ཡི་རིགས་གཅིག་མཁས་པ་ཁག་22ཀྱི་མི་ཐེངས་111བོད་ལ་དུས་ཐུང་སྤེལ་རེས་བྱེད་པར་ཡོང་བར་ཕན་འབྲས་ཐོན་ཡོད་པ་རེད།

    ཐོན་ལས་འགངས་ཆེར་བཟུང་བ།

    ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་བོད་ལ་ཡོང་རྗེས། འཕེལ་རྒྱས་ཆེན་པོ་འབྱུང་བར་ངེས་པར་དུ“བསྒུགས་ནས་སྡོད་པ”ལས“རིག་གནས་ཡུལ་སྐོར་གྱི་ཡོང་འབབ”གསོག་རྒྱུར་གཞོལ་དགོས་པ་ཤེས་ནས། ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པས་བོད་ཀྱི་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་དང་རིག་གནས་མཉམ་འདྲེས་ཀྱི་ཐོན་ལས་རྣམ་གྲངས་ཤིག་གསར་དུ་བཏོད།

    ཏའེ་ཅིན་པིན་གྱིས་ལོ་གསུམ་ནང་རྒྱལ་རྩེ་རྫོང་གིས་རྒྱལ་ཡོངས་ཀྱི་རིག་གནས་ལོ་རྒྱུས་ཀྱི་གྲོང་ཁྱེར་གྲགས་ཅན་དང་། “རོང་ས་དམར་པོའི་ཡུལ་སྐོར”རིག་གནས་ཀྱི་སྙིང་བཅུད་འདོན་སྤེལ་བྱས་ཏེ། བོད་ཀྱི་རྫོང་རིམ་པའི་གདོད་མའི་དངོས་ལྗོངས་ཟློས་གར《རྒྱལ་རྩེའི་བག་ཆགས》ཞེས་པ་བརྩམས་པ་མ་ཟད། འདེབས་འཛུགས་དང་། ཞིང་ལས་ཐོན་ཟོག་ལས་སྣོན། རིག་གནས་ཡུལ་སྐོར་སོགས་ནུས་པ་གཅིག་ཏུ་འདུས་པའི་རྒྱལ་རྩེའི་རོང་ས་དམར་པོའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་སོགས་བཙུགས་ནས། རྒྱལ་རྩེ་རྫོང་དེ“ཞོར་ལ་བསྐྱོད་ས”ནས“ཡུལ་སྐོར་ལ་འགྲོ་ཡུལ”ཞིག་ཏུ་འགྱུར་ཐུབ་པ་བྱུང་ཡོད།

    དཔུང་ཁག་རྨང་གཞིར་བཟུང་བ།

    “ལས་ཀ་བྱེད་པར་ཡོང་བ་ལས། ལྟད་མོ་ལྟ་བར་ཡོང་བ་མིན”ཞེས་པ་ནི་ཧྲང་ཧའེ་བོད་སྐྱོར་ལས་བྱེད་པས་རང་ལ་བཏོན་པའི་བླང་བྱ་ཡིན།

    ལོ་གསུམ་རིང“ཕྱིར་སྐྱོད་པ”དང“ནང་དུ་གདན་འདྲེན་པའི”ཐབས་ལ་བརྟེན་ནས། གཞིས་རྩེའི་ལས་བྱེད་པ་དང་ཆེད་ལས་ལག་རྩལ་པ་ཁག་80ཡི་མི་ཐེངས་1543ཧང་ཧའེ་རུ་བསྐྱོད་ནས་སློབ་སྦྱོང་གསོ་སྦྱོང་ངམ་ཡང་ན་གནས་སྦྱར་སྦྱོང་བརྡར་བྱས་པ་དང་། ཧང་ཧྲའེ་ཡི་ཁག་28ཀྱི་རིགས་གཅིག་མཁས་ཅན་དང་ཆེད་ལས་ལག་རྩལ་གྱི་རྐང་འཛིན་པ་158དུས་ཐུང་ངང་བོད་ལ་བསྐྱོད་དེ། ལས་སྒྲུབ་བྱེད་དུ་བཅུག་ནས། ཡུལ་དེ་གར་རྒྱུན་གནས་ཐུབ་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་ཧུར་ཐག་བྱས་པ་རེད།

    ངར་ཤུགས་གཙང་དུ་བསྐྱེད། བརྩེ་སེམས་བོད་ལ་བཅངས། ལོ་གསུམ་རིང་ཧྲང་ཧའེ་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པས་གཞིས་རྩེ་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩིས་ནས། མཛེས་སྡུག་ལྡན་པའི་ལང་ཚོ་དེ་གནོང་འགྱོད་མེད་པའི་ངང་གཞིས་རྩེ་གྲོང་ཁྱེར་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཆེད་དུ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།