དབུ་ཤོག>གསར་འགྱུར།
  • ཐའེ་དབན་དབང་འཛིན་ལས་ཁུངས་ཀྱིས་ལྷོ་རྒྱ་མཚོའི་འདུམ་གཅོད་འབྲས་བུར་ཚོད་འཛིན་གྱི་ནུས་པ་ལྡན་མེད་པས་རྩ་བ་ནས་དང་ལེན་བྱེད་ཀྱི་མིན་ཞེས་བཤད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-15

     ཚེས་12ཉིན་ཧྥི་ལི་ཕིན་གྱི་ལྷོ་རྒྱ་མཚོའི་འདུམ་གཅོད་གྲོས་གཞིའི་འདུམ་གཅོད་ཁྲིམས་རའི་ཁྲུན་བཅད་ཟེར་བ་དེར་དམིགས་ནས་ཉིན་དེའི་ས་སྲོད་དུ་ཐའེ་དབན་དབང་འཛིན་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་སྐུ་འཁོར་དཔོན་རིགས་སྒྲིག་གཞིས་རྩ་བ་ནས་དང་ལེན་བྱེད་ཀྱི་མིན། ཁྲུན་བཅད་དེར་བཅའ་ཁྲིམས་ཀྱི་ཚོད་འཛིན་གྱི་ནུས་པ་ལྡན་མེད་ཅེས་བཤད་པ་རེད།

    ཐའེ་དབན་དབང་འཛིན་ལས་ཁུངས་ཀྱི་འགོ་ཁྲིད་མི་སྣའི་སྐུ་འཁོར་དཔོན་རིགས་སྒྲིག་གཞིས་འབྲེལ་ཡོད་ཀྱི་འདུམ་གཅོད་བྱས་འབྲས་དང་ལྷག་དོན་དུ་ཞི་བདེ་གླིང་ཕྲན་གཏན་འཁེལ་བྱས་པ་དེ་ལྷོ་རྒྱ་མཚོའི་གླིང་ཚོམ་དང་དེ་བཞིན་དེའི་འབྲེལ་ཡོད་མཚོ་ཁོངས་ཀྱི་དབང་ཆར་གནོད་འཚེ་ཚབས་ཆེན་བཏང་བ་ཞིག་ཡིན་པས་མངའ་ཁོངས་ཀྱི་ས་ཆ་དང་བདག་དབང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ལྷོ་རྒྱ་མཚོའི་རྩོད་གཞི་དེ་གྲོས་མོལ་ཐོག་ནས་ཞི་བས་ཐག་གཅོད་བྱེད་དགོས་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།