དབུ་ཤོག>གསར་འགྱུར།
  • ཕྱི་འབྲེལ་པུས་ཀྲུང་གོ་འདི་ཉིད་སྔར་བཞིན་འཛམ་གླིང་དང་ཡོ་རོབ་མནའ་འབྲེལ་གྱིས་མ་འཇོག་བྱེད་མང་ཤོས་ཀྱི་ས་ཆ་ཞིག་རེད་ཅེས་བརྗོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-07-15

     ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་12ཉིན་འབྲེལ་ཡོད་ཡོ་རོབ་མནའ་འབྲེལ་ཁེ་ལས་ཀྲུང་གོར་ཚོང་གཉེར་བྱེད་པའི་ཁོར་ཡུག་གི་གནད་དོན་སྐོར་ལན་རྒྱག་སྐབས་དོན་དངོས་དང་གྲངས་གཞི་ལས་ཀྲུང་གོ་འདི་ཉིད་སྔར་བཞིན་འཛམ་གླིང་དང་ཡོ་རོབ་མནའ་འབྲེལ་གྱིས་མ་འཇོག་བྱེད་མང་ཤོས་ཀྱི་ས་ཆ་ཞིག་ཡིན་པ་གསལ་བཤད་ཐུབ་ལུགས་བརྗོད་ཡོད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་གྱི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཉོ་ཚོང་ཨུ་ཡོན་མཱ་མུའུ་སི་ཐེ་ལུའོ་མུའུ་ཡིས་ཀྲུང་གོར་གཏམ་བཤད་སྤེལ་ནས་ཀྲུང་གོ་དང་ཡོ་རོབ་དབར་མ་འཇོག་གྲོས་ཆོད་གཏན་འཁེལ་ཡོང་ཆེད་ཀྲུང་གོས་དེ་བས་འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་གཏོད་དགོས་ངེས་ཡིན་པ་དང་། ཡོ་རོབ་མནའ་འབྲེལ་ཁེ་ལས་ལ་ཀྲུང་གོར་མཐོང་ཆུང་ཕོག་པ་དང་ཀྲུང་གོའི་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱ་ཤུགས་སོགས་ཚོང་གཉེར་ཁོར་ཡུག་གི་གནད་དོན་ཐད་སྔར་བཞིན་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པས་ཀྲུང་གོ་ཕྱོགས་ནས་གནད་དོན་དེར་ལན་གང་ཞིག་རྒྱག་སྲིད་དམ་ཞེས་དྲིས།

    ལུའུ་ཁང་གིས་ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་མ་འཇོག་ཁོར་ཡུག་ཡག་པོ་ཡོད་མེད་དེ་ཁྲོམ་རས་ར་སྤྲོད་ཐུབ་པ་དང་། དོན་དངོས་དང་གྲངས་གཞིས་གནད་དོན་གསལ་བཤད་གསལ་ཤོས་བྱེད་ཐུབ། 2016ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་སུ་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་8298བཙུགས་པ་དེ་དུས་མཚུངས་ལས་6.5%འཕར་བའི་ནང་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་28ཀྱིས་ཀྲུང་གོར་མ་འཇོག་ཁེ་ལས་555གསར་འཛུགས་བྱས་པ་དེ་དུས་མཚུངས་ལས་5.1%འཕར་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཚོང་པས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལན་བཏབ་ཡོད་པས་ཀྲུང་གོ་འདི་ཉིད་སྔར་བཞིན་འཛམ་གླིང་དང་ཡོ་རོབ་མནའ་འབྲེལ་གྱིས་མ་འཇོག་བྱེད་མང་ཤོས་ཀྱི་ས་ཆ་ཞིག་ཡིན་པ་བསྟན་ཡོད།

    ལུའུ་ཁང་གིས“ཀྲུང་གོས་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་པའི་སྲིད་ཇུས་ལ་འགྱུར་ལྡོག་འགྲོ་མི་སྲིད། རྒྱལ་ཁབ་ཁག་གི་ཀྲུང་གོར་མ་འཇོག་བྱེད་མཁན་ཁེ་ལས་ལ་མ་འཇོག་གི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུའི་སྲིད་ཇུས་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དང་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་ལ་འགྱུར་ལྡོག་འགྲོ་མི་སྲིད། ཀྲུང་གོའི་དཔལ་འབྱོར་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ང་ཚོས་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་ཁེ་སྤོགས་མུ་མཐུད་མཉམ་སྤྱོད་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་འདོད་ཡོད་པ་ངས་ནན་བཤད་བྱ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།